Friday, 5 September 2014

ཐེག་ཆེན་སེམས་བསྐྱེད་ཀྱི་དབྱེ་བ།


རང་ལུགས་ནི།
ངོ་བོའི་སྒོ་ནས་དབྱེ་བ་ནི།
ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་གང་ཞིག སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་མ་ཟིན་པས་རབ་ཏུ་ཕྱེ་བ་དེ། སྨོན་པ་སེམས་བསྐྱེད་ཀྱི་མཚན་ཉིད།
ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་གང་ཞིག སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པས་རབ་ཏུ་ཕྱེ་བ་དེ། འཇུག་པ་སེམས་བསྐྱེད་ཀྱི་མཚན་ཉིད།
ས་མཚམས་ཀྱི་སྒོ་ནས་དབྱེ་བ་ནི།
མོས་པས་སྤྱོད་པའི་སེམས་བསྐྱེད། མོས་སྤྱོད་ཀྱི་གནས་སྐབས་ཀྱི་སེམས་བསྐྱེད། ཚོགས་ལམ་དང་སྦྱོར་ལམ་གྱི་སྐབས་སུ།
ལྷག་བསམ་དཔ་པའི་སེམས་བསྐྱེད། མ་དག་ས་བདུན་གྱི་སྐབས་སུ།
རྣམ་པར་སྨིན་པའི་སེམས་བསྐྱེད། དག་ས་གསུམ་གྱི་སྐབས་སུ།
སྒྲིབ་པ་སྤངས་པའི་སེམས་བསྐྱེད། སངས་རྒྱས་འཕགས་པའི་ས་ཁོ་ནར་ཡེད།
དཔེ་གྲོགས་ཆོས་མཐུན་གྱི་སྒོ་ནས་དབྱེ་བ་ནི།
ས་ལྟ་བུའི་སེམས་བསྐྱེད། གསེར། ཟླ་བ། མེ། གཏེར། རིན་ཆེན་འབྱུང་གནས། རྒྱ་མཚོ། རྡོ་རྗེ། རི་རྒྱལ། སྨན། བཤེས་གཉེན། ཡིད་བཞིན་ནོར་བུ། ཉི་མ། གླུ་དབྱངས། རྒྱལ་པོ། བང་མཛོད། ལམ་པོ་ཆེ། བཞོན་པ། བཀོད་མའི་ཆུ། སྒྲ་སྙན། ཆུ་རྒྱུན། སྤྲིནལྟ་བུའི་སེམས་བསྐྱེད་ཉེར་གཉིས།
སྒྲས་བརྗོད་རིགས་སྒོ་ནས་དབྱེ་བ་ནི།
དོན་དམ་སེམས་བསྐྱེད་དང་ཀུན་རྫོབ་སེམས་བསྐྱེད་གཉིས།

གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག སངས་འཕགས་ཀྱི་ཐུགས་རྒྱུད་ཀྱི་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་དེ་ཐེག་ཆེན་ལམ་གྱི་འཇུག་སྒོ་མ་ཡིན་པར་ཐལ། སེམས་བསྐྱེད་ཀྱི་མཚན་ཉིད་ཀྱི་ཟུར་དུ་རིགས་གནས་སྨོས་པ་ལ་དགོས་པ་ཡོད་པའི་ཕྱིར། འདོད་ན། སངས་འཕགས་ཀྱི་རྒྱུད་ལ་ཐེག་ཆེན་ལམ་གྱི་འཇུག་སྒོ་མེད་པར་ཐ། འདོད་པའི་ཕྱིར། ཟེར་ན་མ་ཁྱབ།
ཁ་ཅིག བྱང་སེམས་ཚོགས་ལམ་པའི་རྒྱུད་ཀྱི་སྨོན་སེམས་ཆོས་ཅན། སྤྱོད་པ་ཉམས་ལེན་གྱི་བྱས་དངོས་སུ་ཟིན་པར་ཐལ། དཨེར་ཐལ། གོ་སྒྲུབ་ཡིན་པའི་ཕྱིར་ན་མ་ཁྱབ།
རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་ཤོག་གྲངས་ ༨༥

No comments:

Post a Comment