སྐབས་འདིར་སེམས་བསྐྱེད་ཀྱི་མཐའ་དཔྱད་པ་ལ་སྔ།
- རྟེན།
- ལུས་རྟེན།
- སེམས་རྟེན།
- རྒྱུ། ཐེག་ཆེན་གྱི་སེམས་བསྐྱེད་དེ་ཡང་རྒྱུ་བཞི་རྐྱེན་བཞི་སྟོབས་བཞི་ལས་སྐྱེ་བ་ཡིན།
- རྒྱུ་བཞི།
- རྐྱེན་བཞི།
- སྟོབས་བཞི།
- ངོ་བོ། རང་གི་གྲོགས་སུ་གྱུར་པའི་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་དུ་བྱུང་བའི་ཐེག་ཆེན་གྱི་འཇུག་སྒོར་གྱུར་པའི་རྣམ་རིག་དེ་ཆོས་ཅན།
- རབ་དབྱེ།
- རང་གི་ངོ་བོའི་སྒོ་ནེས་དབྱེ་བ།
- སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་བ།
- ཀུན་རྫོབ་སེམས་བསྐྱེད།
- དོན་དམ་སེམས་བསྐྱེད། རྫོགས་པའི་བྱང་ཆུབ་ཀྱི་གནས་ལུགས་ལ་གཉིས་སྣང་ནུབ་ཅིང་ཐེག་ཆེན་གྱི་ཤེས་རབ་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་རྒྱུད་ཀྱི་གཙོ་བོ་རྣམ་རིག
- ཡིན་ཚུལ་གྱི་སྒོ་ནས་དབྱེ་བ།
- སྨོན་སེམས།
- འཇུག་སེམས།
- ས་མཚམ་ཀྱི་སྒོ་ནས་དབྱེ་བ།
- མོས་པ་སྤྱོད་པའི་སེམས་བསྐྱེད། ཚོགས་སྦྱོར་གྱི་གནས་སྐབས་ཀྱི་སེམས་བསྐྱེད།
- ལྷག་བསམ་དག་པའི་སེམས་བསྐྱེད། མ་དག་ས་བདུན་གྱི་གནས་སྐབས་ཀྱི་སེམས་བསྐྱེད།
- རྣམ་པར་སྨིན་པའི་སེམས་བསྐྱེད། དག་པ་ས་གསུམ་གྱི་གནས་སྐབས་ཀྱི་སེམས་བསྐྱེད།
- སྒྲིབ་པ་སྤངས་པའི་སེམས་བསྐྱེད། ཚོགས་སྦྱོར་གྱི་གནས་སྐབས་ཀྱི་སེམས་བསྐྱེད།
- དགོས་ཆེད་ཀྱི་སྒོ་ནས་དབྱེ་བ།
- ཕྱུག་རྫི་ལྟ་བུའི་སེམས་བསྐྱེད། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་ནས་རང་ཉིད་འཚང་རྒྱ་བར་འདོད་པ།
- མཉན་པ་ལྟ་བུའི་སེམས་བསྐྱེད། བདག་གཞན་ཐམས་ཅད་མཉམ་དུ་འཚང་རྒྱ་བར་འདོད་པ།
- རྒྱལ་པོ་ལྟ་བུའི་སེམས་བསྐྱེད། རང་ཉིད་སངས་རྒྱས་ནས་གཞན་སྒྲོལ་བར་འདོད་པ།
- དཔེ་གྲོགས་ཆོས་མཐུན་གྱི་སྒོ་ནས་དབྱེ་བ། ༼བཀོད་རིས་དེ་ནས་གཟིགས་རོགས་གནང་།༽
- དཔེའི་སྒོ་ནས་དབྱེ་བ། ས་ལྟ་བུ་ནས་སྤྲིན་ལྟ་བུའི་སེམས་བསྐྱེད་ཀྱི་བར།
- གྲོགས་ཀྱི་སྒོ་ནས་དབྱེ་བ། འདུན་ལྡན་སེམས་བསྐྱེད་ལ་སོགས་པ།
- ཕན་ཡོན། སེམས་བསྐྱེད་ནི་གཤམ་གྱི་ཕན་ཡོན་ལ་སོགས་པ་དང་ལྡན་པ་ཡིན།
- སྔར་བསགས་ཀྱི་སྡིག་པ་འདག་པ།
- ངན་སོང་གི་སྐྱེས་བ་བཅད་པ།
- གནས་སྐབས་ཀྱི་ཕན་ཡོན།
- བདེ་འགྲོར་སྐྱེ་བ།
- བདེ་བཤེགས་སྲས་ཞེས་པའི་བསྔགས་པ་ཐུབ་པ།
- འཇིག་རྟེན་ལྷ་དང་བཅས་པའི་ཕྱག་བྱ་བའི་འོས་སུ་འགྱུར་བ།
- མཐར་ཐུག་པའི་ཕན་ཡོན།
- སངས་རྒྱས་ཐོབ་པ།
པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་དོན་ལས་ཤོག་གྲངས་ ༨༩ ནས་ ༩༠ བར།
No comments:
Post a Comment