ཚིག་དོན། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་གཉེར་གྱི་འདོད་པ་དང་མཚུངས་ལྡན་གྱི་མཚན་ཉིད་ཀྱི་ཚིག་ཟུར་དུ་ཞུགས་པའི་སྨོན་པ་སེམས་བསྐྱེད་དང་འཇུག་པ་སེམས་བསྐྱེད་ཀྱི་ངོ་བོ་ཉིད་རྣམ་པ་གཉིས་ཡོད།
རྩོད་པ་སྤོང་བ།
རྩོད་པ། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་དོན་གཉེར་གྱི་འདུན་པ་ཆོས་ཅན། ཁྱོད་སེམས་བསྐྱེད་མ་ཡིན་པར་ཐལ། ཁྱོད་སེམས་བྱུང་ཡིན་པའི་ཕྱིར།
ཁྱབ་པ་ཡོད་པ་ལ་རྒྱུ་མཚན་བཤད་ན།
རྩོད་པ་སྤོང་བ།
རྩོད་པ། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་དོན་གཉེར་གྱི་འདུན་པ་ཆོས་ཅན། ཁྱོད་སེམས་བསྐྱེད་མ་ཡིན་པར་ཐལ། ཁྱོད་སེམས་བྱུང་ཡིན་པའི་ཕྱིར།
ཁྱབ་པ་ཡོད་པ་ལ་རྒྱུ་མཚན་བཤད་ན།
- བྱང་ཆུབ་འདོད་པ་ཉིད་ནི་བྱང་ཆུབ་དོན་གཉེར་བ་དགེ་བའི་ཆོས་འདུན་པ་ཡིན། འདུན་པ་ཡུལ་ངེས་ལྔའི་ནང་ཚན་གཅིག་ཡིན། འདུ་བྱེད་ཀྱི་ཕུང་པོས་བསྡུས་པ་ཡིན།
- སེམས་བསྐྱེད་པ་ནི། སེམས་གང་ཞིག ཡུལ་ཁྱད་པར་དུ་འཕགས་པ། དོན་གཉིས་ཡུལ་དུ་སྣང་བ་ཅན་དུ་འབྱུང་བ་མ་ཡིན་ནམ་སྟེ་ཡིན་པའི་ཕྱིར་ཞེ་ན།
- གཞན་དོན་འདོད་པའི་མིང་གིས་བཏགས་པ། སེམས་བསྐྱེད་ལ་འདུན་པའི་མིང་གིས་འདོགས་པའི་ཆོས་གསུམ་ཚང་བའི་ཚུལ།
- དེ་ལྟར་འདོགས་པའི་རྒྱུ་མཚན། ཐེག་ཆེན་སེམས་བསྐྱེད་དེ། གཞན་དོན་འདུན་པས་རྒྱུ་བྱས་ཏེ་སྐྱེ་བས། རྒྱུའི་མིང་གིས་འབྲས་བུ་ལ་བཏགས་པ་ཡིན་པའི་ཕྱིར།
- དེས་བཏགས་པ་ལ་དགོས་པ། ཐེག་ཆེན་སེམས་བསྐྱེད་དེ་སྐྱེ་བ་ལ་དམིགས་པ་དང་རྣམ་པ་དེ་སྟ་བུའི་གྲོགས་དང་ལྡན་པར་སྐྱེ་དགོས་པ་ཤེས་པའི་ཆེད་དུ་ཡིན།
- དངོས་ལ་གནོད་བྱེད། སེམས་བསྐྱེད་ནི་སེམས་ཡིན་དགོས་ལ། འདུན་པ་ནི་སེམས་བྱུང་ཡིན་དགོས་པས་སོ།
- བྱང་ཆུབ་འདོད་པའི་མིང་གིས་བཏགས་པ།
- བྱང་ཆུབ་དོན་གཉེར་གྱི་འདུན་པའི་མིང་གིས་འདོགས་པའི་རྒྱུ་མཚན། ཐེག་ཆེན་སེམ་བསྐྱེད་དེ། བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་མཚུངས་པ་ལྔས་ལྷན་ཅིག་སྤྱོད་པའི་ཕྱིར།
- དེས་བཏགས་པ་ལ་དགོས་པ། བྱང་ཆུབ་སེམས་དཔའ་རྣམས་ལ། རང་གི་ཐོབ་བྱའི་འབྲས་བུ་ལ་རེ་བ་་འཆའ་བའི་སྨོན་ལམ་དང་ལྡན་པའི་སེམས་བསྐྱེད་དེ་སྐྱེའོ་ཞེས་ཤེས་པའི་ཆེད་དུ་ཡིན།
- དངོས་ལ་གནོད་བྱེད།
རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་ཤོག་གྲངས་ ༨༨ ནས།
No comments:
Post a Comment