སྐབས་འདིར་སེམས་བསྐྱེད་ཀྱི་མཐའ་དཔྱད་པ་ལ་སྔ།
- རྟེན།
- ལུས་རྟེན།
- སེམས་རྟེན།
- རྒྱུ། ཐེག་ཆེན་གྱི་སེམས་བསྐྱེད་དེ་ཡང་རྒྱུ་བཞི་རྐྱེན་བཞི་སྟོབས་བཞི་ལས་སྐྱེ་བ་ཡིན།
- ངོ་བོ། སེམས་བསྐྱེད་ཀྱི་ངོ་བོ་ནི། རང་གི་གྲོགས་སུ་གྱུར་པའི་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་དུ་བྱུང་བའི་ཐེག་ཆེན་གྱི་འཇུག་སྒོར་གྱུར་པའི་རྣམ་རིག་དེ་ཆོས་ཅན།
- རབ་དབྱེ།
- རང་གི་ངོ་བོའི་སྒོ་ནེས་དབྱེ་བ།
- ས་མཚམ་ཀྱི་སྒོ་ནས་དབྱེ་བ།
- དགོས་ཆེད་ཀྱི་སྒོ་ནས་དབྱེ་བ།
- དཔེ་གྲོགས་ཆོས་མཐུན་གྱི་སྒོ་ནས་དབྱེ་བ། རྩ་བ། །དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་བརྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ།
- དཔེ་ཉེར་གཉིས་ཀྱིས་དོན་ཉེར་གཉིས་མཚོན་ཚུལ་ནི།
ས་ལམ།
|
གྲོགས་
མཚུངས་པར་ལྡན་པའི་སེམས་བྱུང་། |
སེམས་བསྐྱེད་ཉེར་གཉིས་
རེ་རེའི་དཔེ།
|
དཔེ་སྦྱར་བའི་རྒྱུ་མཚན།
|
སངས་རྒྱས་ཀྱི་ས།
|
མཛད་པ་བཅུ་གཉིས་ཀྱིས་འགྲོ་དོན་བྱེད་པའི་ཆོས་སྐུ།
|
སྤྲིན།
|
དགའ་ལྡན་གྱི་གནས་ན་བཞུགས་པ་དང་། དེ་ནས་འཕ་བ་ལ་སོགས་པ་མཛད་པ་བཅུ་གཉིས་དུས་ཀུན་ཏུ་སྟོན་པར་རུང་བ་ཉིད་ཡིན་པའི་ཕྱིར།
|
སངས་རྒྱས་ཀྱི་ས།
|
བགྲོད་པ་གཅིག་པའི་ལམ།
|
ཆུ་རྒྱུན།
|
གདུལ་བྱ་ཀུན་ཐུན་མོང་དུ་གདུལ་བའི་ནུས་པ་ཐོབ་པས་གཞན་གྱི་དོན་བྱ་བ་ཐ་མི་དད་པ་ཡིན་པའི་ཕྱིར།
|
སངས་རྒྱས་ཀྱི་ས།
|
འདུ་བྱས་ཐམས་ཅད་མི་རྟག་ཅེས་སོགས་ཆོས་ཀྱི་སྡོམ་བཞིའི་དགའ་སྟོན།
|
སྒྲ་སྙན།
|
ཐར་པ་འདོད་པའི་གདུལ་བྱ་ལ་འཁོར་བ་ལས་གྲོལ་བར་བྱེད་པའི་སྙན་པ་སྒྲོགས་པའི་ཕྱིར།
|
ས་བཅུ་པ་དག་ས་ཁྱེད་པར་ཅན།
|
གཟུངས་དང་སྤོབས་པ།
|
བཀོད་མའི་ཆུ།
|
སྔར་ཐོས་པ་དང་མི་ཐོས་པའི་ཆོས་འཛིན་པས་མི་ཟད་པའི་ཕྱིར།
|
ས་བཅུ་པ་དག་ས་ཁྱེད་པར་ཅན།
|
སྙིང་རྗེ་དང་ལྷག་བསམ།
|
བཞོན་པ།
|
འཁོར་བ་དང་མྱ་ངན་ལས་འདས་པ་གང་དུ་ཡང་མི་ལྟུང་བས་བླ་ན་མེད་པའི་བྱང་ཆུབ་ཏུ་བདེ་བླག་ཏུ་འགྲོ་བ་ཡིན་པའི་ཕྱིར།
|
ས་བཅུ་པ་དག་ས་ཁྱེད་པར་ཅན།
|
བྱང་ཆུབ་གྱི་ཕྱོགས།
|
ལམ་པོ་ཆེ།
|
དུས་གསུམ་གྱི་ཐེག་ཆེན་འཕགས་པ་ཐམས་ཅད་ལམ་དེ་ནས་གཤེགས་པ་ཤིང་རྗེས་སུ་གཤེགས་པ་ཡིན་པའི་ཕྱིར།
|
ས་བཅུ་པ་དག་ས་ཁྱེད་པར་ཅན།
|
བསོད་ནམས་དང་ཡེ་ཤེས།
|
བང་མཛོད།
|
བླ་ན་མེད་པའི་བྱང་ཆུབ་ཀྱི་ཉེར་ལེན་བྱེད་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་ལྟ་བུ་ཡིན་པའི་ཕྱིར།
|
ས་བཅུ་པ་དག་ས་ཁྱེད་པར་ཅན།
|
མངོན་པར་ཤེས་པ།
|
རྒྱལ་པོ།
|
རྟོགས་པ་ཐོབ་ཟིན་ཆུད་མི་ཟ་བའི་མཐུ་ཐོགས་པ་མེད་པས་གཞན་གྱི་དོན་སྒྲུབ་པའི་ཕྱིར།
|
ས་བཅུ་པ།
|
ཡེ་ཤེས་ཕར་ཕྱིན།
|
གླུ་དབྱངས།
|
རྣམ་གྲོལ་ཐོབ་པའི་ཐབས་སོ་སོ་ཡང་དག་པར་རིག་པ་བཞིས་གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པའི་ཕྱིར།
|
ས་དགུ་པ།
|
སྟོབས་ཀྱི་ཕར་ཕྱིན།
|
ཉི་མ།
|
བསྡུ་བའི་དངོས་པོ་བཞིས་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར།
|
ས་བརྒྱད་པ།
|
སྨོན་ལམ་གྱི་ཕར་ཕྱིན།
|
ཡིད་བཞིན་ནོར་བུ།
|
ཐོབ་བྱའི་འབྲས་བུ་དབང་སྒྱུར་བའི་ཐབས་མངོན་ཤེས་ལྔས་ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པའི་ཕྱིར།
|
ས་བདུན་པ།
|
ཐབས་མཁས་ཕར་ཕྱིན།
|
བཤེས་གཉེན།
|
སེམས་ཅན་མི་འདོར་བའི་ཐབས་ཚད་མེད་པ་བཞིས་གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའི་ཕྱིར།
|
ས་དྲུག་པ།
|
ཤེས་རབ་ཕར་ཕྱིན།
|
སྨན།
|
ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ནད་རབ་ཏུ་ཞི་བར་བྱེད་པའི་ཕྱིར།
|
ས་ལྔ་པ།
|
བསམ་གཏན་ཕར་ཕྱིན།
|
རིའི་རྒྱལ་པོ།
|
དམིགས་པ་ལས་མི་གཡོ་བའི་ཏིང་ངེ་འཛིན་བརྟན་པོ་དང་ལྡན་པས་དམིགས་པའི་རྣམ་པར་གཡེང་བས་མི་བསྐྱེད་པའི་ཕྱིར།
|
ས་བཞི་པ།
|
བརྩོན་འགྲུས་ཀྱི་ཕར་ཕྱིན།
|
རྡོ་རྗེ།
|
ཐེག་ཆེན་ལམ་ལ་ཡིད་ཆེས་པ་བརྟན་པས་ཐེག་ཆེན་ལས་མི་ཕྱེད་པའི་ཕྱིར།
|
ས་གསུམ་པ།
|
བཟོད་པའི་ཕར་ཕྱིན།
|
རྒྱ་མཚོ་ཆེན་པོ།
|
གནོད་པ་དང་སྡུག་བསྔལ་གྱི་མི་འདོད་པ་ཐམས་ཅད་ཐོག་ཏུ་འབབ་པས་མོ་འཁྲུགས་པ་ཡིན་པའི་ཕྱིར།
|
ས་གཉིས་པ།
|
ཚུལ་ཁྲིམས་ཀྱི་ཕར་ཕྱིན།
|
རིན་པོ་ཆེའི་འབྱུང་ཁུངས་གནས།
|
མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་རིན་པོ་ཆེའི་རྟེན་གྱི་དངོས་པོ་སྟེ་རང་བཞིན་ཡིན་པའི་ཕྱིར།
|
ས་དང་པོ།
|
སྦྱིན་པའི་ཕར་ཕྱིན།
|
གཏེར།
|
ལོངས་སྤྱོད་ཀྱིས་སློང་བ་པོའི་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་ཕྱིར།
|
སྦྱོར་ལམ།
|
མཁྱེན་གསུམ་རྗེས་སུ་དྲན་པ་སྒོམ་པའི་སྦྱོར་བ།
|
མེ།
|
ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྒྲིབ་པའི་བུད་ཤིང་མངོན་གྱུར་སྲེག་པར་བྱེད་པའི་ཕྱིར།
|
ཚོགས་ལམ་ཆེན་པོ།
|
ལྷག་པའི་སེམས་པ།
|
ཟླ་བ་ཚེ་པ།
|
དྲན་པ་ཉེར་གཞག་ལ་སོགས་པའི་བྱང་ཕྱོགས་སོ་བདུན་གྱི་དགེ་བའི་ཆོས་མཐའ་དག་རྣམ་པར་འཕེལ་བར་འགྱུར་བ་ཡིན་པའི་ཕྱིར།
|
ཚོགས་ལམ་འབྲིང།
|
བསམ་པ།
|
གསེར།
|
བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་སེམས་ཉམས་པར་མི་འགྱུར་བའི་ཕྱིར།
|
ཚོགས་ལམ་ཆུང་ངུ།
|
འདུན་པ།
|
ས་ལྟ་བུ།
|
ལམ་ཐམས་ཅད་འདྲེན་པར་བྱེད་པ། ཆོས་དཀར་པོ་ཐམས་ཅད་ཀྱི་གཞིའི་དངོས་པོ་སྟེ་རང་བཞིན་ཡིན་པའི་ཕྱིར།
|
- ཕན་ཡོན།
པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་དོན་ལས་ཤོག་གྲངས་ ༨༥ དང་།
རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་ཤོག་གྲངས་ ༩༡ ནས ༩༣ བར།
རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་ཤོག་གྲངས་ ༩༡ ནས ༩༣ བར།
No comments:
Post a Comment