ཁ་ཅིག་ཐེག་ཆེན་སེམས་བསྐྱེད་གང་ཞིག རྫོགས་པའི་བྱང་ཆུབ་ཀྱི་དོན་དམ་པའི་གནས་ལུགས་ལ་གཉིས་སྣང་ནུབ་པ་དོན་དམ་སེམས་བསྐྱེད་ཀྱི་མཚན་ཉིད་ཟེར་ན།
ཁ་ཅིག་དོན་དམ་སེམས་བསྐྱེད་ཐེག་ཆེན་སེམས་བསྐྱེད་ཡིན་པར་ཐལ། སྒོམ་རིམ་བར་པ་ལས། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པའི་སེམས་སོ། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ།
ཁ་ཅིག་སྨོན་འཇུག་གང་རུང་ཡང་ཡིན། འཇུག་སྡོམ་ཐོབ་པའི་སྤྱོད་པ་ཉམས་ལེན་གྱི་བྱ་བ་མངོན་འགྱུར་པས་མ་ཟིན་པ་ཡིན་པའི་གཞི་མཐུན་པ་དེ། སྨོན་སེམས་ཀྱི་མཚན་ཉིད་ཟེར་ན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ལ་གནས་པའི་སེམས་དཔའི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་ཆོས་། མཚན་ཉིད་དེར་ཐལ། མཚོན་བྱ་དེའོ་ཕྱིར།
ཁ་ཅིག་ཐེག་དམན་གྱི་ཀུན་རྫོབ་སེམས་བསྐྱེད་ཡོད་ཟེར་ན།
ཁ་ཅིག་ས་མ་ཐོབ་པའི་གང་ཟག་གི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་སྨོན་སེམས་དང་། ཅིག་ཤོས་འཇུག་སེམས་ཀྱི་མཚན་ཉིད་ཟེར་ན། མི་འཐད་པར་ཐལ། འཇུག་སེམས་རྒྱུད་ལྡན་གྱི་བྱང་སེམས་སོ་སྐྱེ་ཡོད་པའི་ཕྱིར།
རང་ལུགས་ནི།
ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་གང་ཞིག སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་མ་ཟིན་པས་རབ་ཏུ་ཕྱེ་བ་དེ། སྨོན་པ་སེམས་བསྐྱེད་ཀྱི་མཚན་ཉིད།
ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་གང་ཞིག སྤྱོད་པ་ཉམས་ལེན་གྱི་བྱ་བས་དངོས་སུ་ཟིན་པས་རབ་ཏུ་ཕྱེ་བ་དེ། འཇུག་པ་སེམས་བསྐྱེད་ཀྱི་མཚན་ཉིད།

རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་ཤོག་གྲངས་ ༨༤
No comments:
Post a Comment