Tuesday, 30 September 2014

རྟེན་འབྲེལ་གྱི་ཡན་ལག་བཅུ་གཉིས་ལས་སྲེད་པ་ཕན་ཆད།

རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ནས།
  • བརྒྱད་པ་སྲེད་པ། མ་རིག་པའི་འདུས་ཏེ་རེག་པའི་རྐྱེན་གྱིས་བྱུང་བའི་ཚོར་བ་ལས་སྲེད་པ་སྐྱེས།
    • ཚོར་བ་བདེ་བ་ལ་མི་འབྲལ་བར་འདོད་པའི་སྲེད་པ།
    • སྡུག་བསྔལ་བ་ལ་འབྲལ་འདོད་ཀྱི་སྲེད་པ།
  • དགུ་པ་ལེན་པ།
    • འདོད་པ་ཉེ་བར་ལེན་པ། འདོད་ཡོན་ལ་ཆགས་པ།
    • ལྟ་བ་ཉེ་བར་ལེན་པ། འཇིག་ལྟ་མ་གཏོགས་པའི་ལྟ་ངན་ལ་ཆགས་པ།
    • ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ། ལྟ་ངན་དང་འབྲེལ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་དམན་པ་ལ་ཆགས་པ།
    • བདག་ཏུ་སྨྲ་བ་ཉེ་བར་ལེན་པ། བདེན་པར་ཞེན་པ།
  • བཅུ་པ་སྲིད་པ། སྔར་འདུ་བྱེད་ཀྱིས་རྣམ་ཤེས་ལ་ལས་ཀྱི་བག་ཆགས་བཞག་པ་དེ་སྲེད་པ་དང་ལེན་པས་གསོས་བཏབ་ནས་ཕྱི་མའི་ལུས་འཕེན་པའི་ནུས་པ་མཐུ་ཅན་དུ་སོང་བ་དེ།
  • བཅུ་གཅིག་པ་སྐྱེ་བ། དེ་ལྟར་གསོས་བཏབ་པས་ཡང་སྲིད་འགྲུབ་པའི་ལས་ནུས་པ་མཐུ་ཅན་དུ་སོང་བ་དེ་ལ་བརྟེན་ནས་སྐྱེ་གནས་བཞི་པོ་བརྫུས་སྐྱེས་དང་དྲོད་གཤེར་སྐྱེས་དང་མངལ་སྐྱེས་དང་སྒོང་སྐྱེས་བཞི། གང་རུང་དུ་དང་པོར་རྣམ་ཤེས་ཉིང་མཚམས་སྦྱར་མ་ཐག་པ་དེ་ཡིན།
  • བཅུ་གཉིས་པ་རྒ་ཤི་ཅི་རིགས་པ།
    • རྒ་བ། ཕུང་པོའི་གནས་སྐབས་རིམ་གྱིས་གཞན་དུ་འགྱུར་ཞིང་སྨིན་པ།
    • ཤི་བ། ཕུང་པོའི་རིས་མཐུན་དོར་བའམ་འཇིག་པ།
རྟེན་འབྲེལ་ཡན་ལག་བཅུ་གཉིས་ཡན་ལག་བཞིར་བསྡུ་ཚུལ་ནི།
རྒྱུ་དུས་ཀྱི་རྟེན་འབྲེལ་དྲུགནི།
  • འཕེན་བྱེད་ཀྱི་ཡན་ལག
    • མ་རིག་པ།
    • འདུ་བྱེད།
    • རྒྱུ་དུས་ཀྱི་རྣམ་ཤེས།
  • འགྲུབ་བྱེད་ཀྱི་ཡན་ལག
    • སྲེད་པ།
    • ལེན་པ།
    • སྲིད་པ།
འབྲས་དུས་ཀྱི་རྟེན་འབྲེལ་དྲུག་ནི།
  • འཕངས་པའི་འབྲས་བུའི་ཡན་ལག
    • འབྲས་དུས་ཀྱི་རྣམ་ཤེས།
    • མིང་གཟུགས་ཅི་རིག་པ།ལ
    • སྐྱེ་མཆེད།
    • རེག་པ།
    • ཚོར་བ།
  • མངོན་པར་གྲུབ་པའི་འབྲས་བུའི་ཡན་ལག
    • སྐྱེ་བ།
    • རྒ་ཤི།

No comments:

Post a Comment