Friday, 12 September 2014

པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་དོན་ལས། མདོ་དོན་དང་། ཐེག་ཆེན་སེམས་བསྐྱེད་ཀྱི་ལུས་རྟེན།

༄༅། །སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། གཅེ་སོགས་ཀྱིས་མདོ་དོན་དང་ཚིག་དོན་གྱི་སྒོ་ནས་འཆད་ཚུལ།
མདོ་དོན། མངོན་རྟོགས་རྒྱན་གྱིས་དང་པོར་རྣམ་མཁྱེན་བསྟན་པའི་སྒོ་ནས་མདོ་དོན་འཆད་དེ། རྣམ་མཁྱེན་བསྟན་ཚུལ་ནི།
  • ལོ་རྩྭ་བ་ཆེན་པོ་སོགས། རྒྱུས་འབྲས་བུ་མཚོན་པའི་ཚུལ་གྱིས་བསྟན་པ།
  • རང་ལུགས་ནི། ཡུལ་གྱིས་ཡུལ་ཅན་མཚོན་པའི་ཚུལ་གྱིས་བསྟན་པ།
དེ་ལ་ཆོས་བཅུའི་ནང་ནས་སེམས་བསྐྱེད་དེ་ཐེག་ཆེན་གྱི་འཇུག་སྒོར་ཤེས་པའི་ཆེད་དུ་དང་པོར་འཆད་པ་ཡིན།
སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། ཅེས་སོགས་ཚིག་རྐང་གཉིས་ཀྱིས་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་དང་།
དེ་དང་དེ་ནི་མདོ་བཞིན་དུ། །བསྡུས་དང་རྒྱས་པའི་སྒོ་ནས་བརྗོད། ཅེས་སོགས་ཚིག་རྐང་གཉིས་ཀྱིས་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ངེས་པའི་ཡན་ལག་དམིགས་ཡུལ་བྱང་ཆུབ་དང་གཞན་དོན་གཉིས་འཆད་ཅིང་།
དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། ཞེས་སོགས་ཀྱིས་མཚན་ཉིད་དང་དམིགས་པ་དེ་དང་ལྡན་པའི་སེམས་བསྐྱེད་ཀྱི་དབྱེ་བ་འཆད་པ་ཡིན།
སྐབས་འདིར་སེམས་བསྐྱེད་ཀྱི་མཐའ་དཔྱད་པ་ལ་སྔ། 
  • རྟེན། 
    • ལུས་རྟེན།
      • སྨོན་སེམས་སྐྱེ་བའི་ལུས་རྟེན། འགྲོ་བ་རིགས་དྲུག་ཀའི་རྟེན་ལ་སྨོན་སེམས་དངོས་སུ་གསར་དུ་སྐྱེ་བ་ཡོད་དམ་མེད།
      • འཇུག་སེམས་སྐྱེ་བའི་ལུས་རྟེན། སོ་ཐར་གྱི་སྡོམ་པ་རྒྱུད་ལ་ལྡན་པ་དགོས་སམ་མི་དགོས། འཇུག་སྡོམ་རྒྱུད་ལྡན་གྱི་ལམ་མ་ཞུགས་པའི་གང་ཟག་ཡོད་དམ་མེད།
    • སེམས་རྟེན།
  • རྒྱུ།
  • ངོ་བོ།
  • རབ་དབྱེ།
  • ཕན་ཡོན།
པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་དོན་ལས་ཤོག་གྲངས་ ༧༩  ནས།

No comments:

Post a Comment