Friday, 19 September 2014

ཐེག་ཆེན་སེམས་བསྐྱེད་ཀྱི་ངོ་བོའི་སྒོ་ནས་དབྱེ་བ།

སྐབས་འདིར་སེམས་བསྐྱེད་ཀྱི་མཐའ་དཔྱད་པ་ལ་སྔ། 
  • རྟེན། 
    • ལུས་རྟེན།
    • སེམས་རྟེན།
  • རྒྱུ། ཐེག་ཆེན་གྱི་སེམས་བསྐྱེད་དེ་ཡང་རྒྱུ་བཞི་རྐྱེན་བཞི་སྟོབས་བཞི་ལས་སྐྱེ་བ་ཡིན།
    • རྒྱུ་བཞི། 
    • རྐྱེན་བཞི།
    • སྟོབས་བཞི།
  • ངོ་བོ། རང་གི་གྲོགས་སུ་གྱུར་པའི་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་དུ་བྱུང་བའི་ཐེག་ཆེན་གྱི་འཇུག་སྒོར་གྱུར་པའི་རྣམ་རིག་དེ་ཆོས་ཅན།
  • རབ་དབྱེ།
    • རང་གི་ངོ་བོའི་སྒོ་ནེས་དབྱེ་བ།
      • སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་བ།
        • ཀུན་རྫོབ་སེམས་བསྐྱེད།
        • དོན་དམ་སེམས་བསྐྱེད། རྫོགས་པའི་བྱང་ཆུབ་ཀྱི་གནས་ལུགས་ལ་གཉིས་སྣང་ནུབ་ཅིང་ཐེག་ཆེན་གྱི་ཤེས་རབ་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་རྒྱུད་ཀྱི་གཙོ་བོ་རྣམ་རིག
      • ཡིན་ཚུལ་གྱི་སྒོ་ནས་དབྱེ་བ།
        • སྨོན་སེམས།
        • འཇུག་སེམས།
    • ས་མཚམ་ཀྱི་སྒོ་ནས་དབྱེ་བ།
    • དགོས་ཆེད་ཀྱི་སྒོ་ནས་དབྱེ་བ།
    • དཔེ་གྲོགས་ཆོས་མཐུན་གྱི་སྒོ་ནས་དབྱེ་བ།
  • ཕན་ཡོན།
པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་དོན་ལས་ཤོག་གྲངས་ ༨༥  ནས་ ༨༩ བར།


སྨོན་འཇུག་གི་སེམས་བསྐྱེད་གཉིས་སུ་དབྱེ་བའི་སྐབས་ཀྱི་དྲངས་པའི་ལུང་དང་རྩོད་པ།
སྨོན་འཇུག་གི་དབྱེ་བ་དྲངས་ངེས་པ་ཡིན་པའི་སྐོར།
སློབ་དཔོན་ཞི་བ་ལྷས་མཛད་པའི་བསླབ་པ་ཀུན་བཏུས་ལས།
བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། བྱང་ཆུབ་ཏུ་སྨོན་པའི་སེམས་དང་བྱང་ཆུབ་ཏུ་འཆས་པའི་སེམས་སོ།
སྡོང་པོ་བཀོད་པའི་མདོ་ལས།
རིགས་ཀྱི་བུ་སེམས་ཅན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ཆང་ཆུབ་ཏུ་འཆས་སེམས་སྨོན་པ་དེ་དག་ཀྱང་དཀོན་ནོ། །དེ་
བས་ཀྱང་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཆས་པའི་སེམས་ཅན་ཤིན་ཏུ་དཀོན་ནོ།

སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་ལས།
བྱང་ཆུབ་སེམས་དེ་མདོར་བསྡུ་ན།།
རྣམ་པ་གཉིས་སུ་ཤེས་བྱ་སྟེ།།
བྱང་ཆུབ་སྨོན་པའི་སེམས་དང་ནི།།
བྱང་ཆུབ་འཇུག་པ་ཉིད་ཡིན་ནོ།།

སློབ་དཔོན་སེངྒེ་བཟང་པོའི་འགྲེལ་པ་དོན་གསལ་ལས།
སེམས་བསྐྱེད་པ་གཞན་གྱི་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་མཚན་ཉིད་སྨོན་པ་དང་འཇུག་པའི་ངོ་བོ་ཉིད་རྣམ་པ་གཉིས་སོ།
སྨོན་འཇུག་གི་ཁྱེད་པར་གྱི་སྐོར།
སངས་རྒྱས་ཡེ་ཤེས་ཞབས་ཀྱིས།
  • སྨོན་པ་བྱང་ཆུབ་ཀྱི་སེམས་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་ཡིད་ལ་
  • འཇུག་པ་བྱང་ཆུབ་ཀྱི་སེམས་ནི་རབ་ཏུ་དགའ་བ་ནས་བརྩམས་ཏེའོ།
སློབ་དཔོན་ཆོས་ཤེས་ཀྱི་ཚིག་གསལ་ལས།
  • སྨོན་པ་ཞེས་བྱ་བ་ནི་སྨོན་པ་ཙམ་སྟེ་ཚོགས་བསགས་པ་སེམས་དེ་བསྐྱེད་པའི་ཆོ་གས་བླང་བར་ཡང་མ་བྱས་པའོ།
  • འཇུག་པ་ཞེས་པ་ནི་དགེ་བའི་བཤེས་གཉེན་མཉེས་པར་བྱས་ཏེ་ཡང་དག་པར་བླངས་པ་ལས་བྱུང་བའི་སེམས་བསྐྱེད་པ་ནས་བརྩམས་ཏེ་བར་ཆད་མེད་པའི་ལམ་གྱི་བར་དུ་གཏོགས་པའི་སྒྲུབ་པའི་སྤྱོད་པའི།
ཀ་མ་ལ་ཤི་ལའི་སྒོམ་རིམ་ལས།
  • འགྲོ་བ་དེ་དག་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་གང་ཐོག་མར་དོན་དུ་གཉེར་བ་དེ་ནི་སྨོན་པའོ་སེམས་སོ།
  • གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་ཞུགས་པའི་སེམས་སོ།
རྗེ་ཙོང་ཁ་པ་ཆེན་པོས་ལམ་རིམ་ཆེ་ཆུང་གཉིས་དང་གསེར་གྱི་ཕྲེང་བར།
ཚིགས་གསལ་དང་སྒོམ་རིམ་ཇི་ལྟ་བ་བཞིན་དུ། འཇུག་སྡོམ་མ་ཐོབ་པའི་སེམས་བསྐྱེད་དེ་སྨོན་སེམས་དང་། འཇུག་སྡོམ་ཐོབ་པའི་སེམས་བསྐྱེད་འཇུག་སེམས་སུ་བཤད།

No comments:

Post a Comment