Monday, 15 September 2014

པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་དོན་ལས། ཐེག་ཆེན་སེམས་བསྐྱེད་ཀྱི་སེམས་རྟེན། རྒྱུ་དང་། ངོ་བོ།

སྐབས་འདིར་སེམས་བསྐྱེད་ཀྱི་མཐའ་དཔྱད་པ་ལ་སྔ། 
  • རྟེན། 
    • ལུས་རྟེན།
      • སྨོན་སེམས་སྐྱེ་བའི་ལུས་རྟེན། འགྲོ་བ་རིགས་དྲུག་ཀའི་རྟེན་ལ་སྨོན་སེམས་དངོས་སུ་གསར་དུ་སྐྱེ་བ་ཡོད་དམ་མེད།
      • འཇུག་སེམས་སྐྱེ་བའི་ལུས་རྟེན། སོ་ཐར་གྱི་སྡོམ་པ་རྒྱུད་ལ་ལྡན་པ་དགོས་སམ་མི་དགོས། འཇུག་སྡོམ་རྒྱུད་ལྡན་གྱི་ལམ་མ་ཞུགས་པའི་གང་ཟག་ཡོད་དམ་མེད།
    • སེམས་རྟེན།
      1. རྒྱལ་བ་ལ་དམིགས་པའི་དད་པ།
      2. སེམས་ཅན་ལ་དམིགས་པའི་སྙིང་རྗེ།
      3. རྒྱལ་སྲས་ཀྱི་དཀའ་སྤྱོད་བཟོད་པའི་བརྩོན་འགྲུས།
      4. དད་པ།
  • རྒྱུ། ཐེག་ཆེན་གྱི་སེམས་བསྐྱེད་དེ་ཡང་རྒྱུ་བཞི་རྐྱེན་བཞི་སྟོབས་བཞི་ལས་སྐྱེ་བ་ཡིན།
    • རྒྱུ་སྤྱིར་བསྟན་པ།
    • རྒྱུ་བཞི། 
      1. ཐེག་ཆེན་དུ་རིགས་སད་པའི་རྒྱུ།
      2. དགེ་བའི་བཤེས་གཉེན་གྱིས་ཟིན་པའི་རྒྱུ།
      3. བརྩེ་བ་སྙིང་རྗེ་ཆེན་པོས་ཟིན་པའི་རྒྱུ།
      4. གཞན་གྱི་དཀའ་སྤྱད་ལ་བཟོད་པའི་རྒྱུ།
    • རྐྱེན་བཞི།
      1. བྱང་སེམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་མཐོང་བ།
      2. བྱང་སེམས་ཀྱི་སྡེ་སྣོད་མང་དུ་ཐོས་པ།
      3. ཐེག་ཆེན་གྱི་བསྟན་པ་ཉམས་པ་མ་བཟོད་པ།
      4. སྙིགས་མའི་དུས་འདིར་སེམས་བསྐྱེད་པ་དཀོན་པར་མཐོང་བ།
    • སྟོབས་བཞི།
      1. རང་གི་སྟོབས། གཞན་སྡུག་བསྔལ་བ་ལ་མ་ལྟོས་པར་རང་སྟོབས་ཀྱིས་སྐྱེ་བ།
      2. གཞན་གྱི་སྟོབས། གཞན་སྡུག་བསྔལ་བ་ལ་ལྟོས་པའི་སྟོབས་ཀྱིས་སྐྱེ་བ།
      3. སྒོམ་པའི་སྟོབས། ཚེ་རབས་སྔ་མར་སེམས་བསྐྱེད་གོམས་པའི་མཐུས་གསར་དུ་སྐྱེ་བ།
      4. སྦྱོར་བའི་སྟོབས། ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་གྱི་དྲིན་གྱིས་སྐྱེ་བ།
    • ཐེག་ཆེན་སེམས་བསྐྱེད་ཀྱི་གཙོ་བོའི་རྒྱུ་བྱེ་བྲག་ཏུ་བསྟན་པ།
      • རྗེ་བཙུན་བྱམས་པ་ནས་འཕགས་པ་ཐོགས་མེད་ལ་བརྒྱུད་པའི་ལུགས་ཀྱི་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བསྐྱེད་ཚུལ།
        • སེམས་ཅན་ཐམས་ཅད་མར་ཤེས་པ།
        • དྲིན་དྲན་པ།
        • དྲིན་གཟོ་བ།
        • ཡིད་འོང་གི་བྱམས་པ།
        • སྙིང་རྗེ།
        • ལྷག་བསམ།
        • རྒྱུ་དྲུག་པོ་དེ་ལ་བརྟེན་ནས། འབྲས་བུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད།
      • རྗེ་བཙུན་འཇམ་དབྱངས་ནས་འཕགས་པ་ཀླུ་སྒྲུབ་དང་ཞི་བ་ལྷ་སོགས་ལ་བརྒྱུད་པའི་ལུགས། བདག་གཞན་མཉམ་བརྗེའི་བྱང་ཆུབ་གྱི་སེམས་བསྐྱེད་ཚུལ།
  • ངོ་བོ། ཐེག་ཆེན་སེམས་བསྐྱེད་ནི་སེམས་ཡིན་ནམ་སེམས་བྱུང་ཡིན། སེམས་བསྐྱེད་ཀྱི་ངོ་བོ་ནི། རང་གི་གྲོགས་སུ་གྱུར་པའི་གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་འདོད་པ་དང་མཚུངས་ལྡན་དུ་བྱུང་བའི་ཐེག་ཆེན་གྱི་འཇུག་སྒོར་གྱུར་པའི་རྣམ་རིག་དེ་ཆོས་ཅན།
  • རབ་དབྱེ།
  • ཕན་ཡོན།
པཎ་ཆེན་བསོད་ནམས་གྲགས་པའི་ཕར་ཕྱིན་སྤྱི་དོན་ལས་ཤོག་གྲངས་ ༨༢  ནས།

No comments:

Post a Comment