ས་དང་ཆུ་དང་མེ་དང་རླུང་། །
སྨན་དང་དགོན་པའི་ཤིང་བཞིན་དུ། །
རྟག་ཏུ་སངས་རྒྱས་ཐམས་ཅད་ཀྱིས། །
རང་དགར་དགག་མེད་སྤྱོད་པར་ཤོག ། ༨༣
སེམས་ཅན་རྣམས་ལ་སྲོག་བཞིན་ཕངས། །
བདག་ལས་དེ་དག་ཆེས་ཕངས་ཤོག །
བདག་ལ་དེ་དག་སྡིག་སྨིན་ཅིང་། །
བདག་དགེ་མ་ལུས་དེར་སྨིན་ཤོག ། ༨༤
ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། །
གང་དུ་མ་གྲོལ་དེ་སྲིད་དུ། །
དེ་ཕྱིར་བླ་ན་མེད་པ་ཡི། །
བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག ། ༨༥
སྐྱེས་བུ་ས་མིན་ཆུ་མ་ཡིན། །
མེ་མིན་རླུང་མིན་ནམ་མཁའ་མིན། །
རྣམ་ཤེས་མ་ཡིན་ཀུན་མིན་ན། །
དེ་ལས་གཞན་དོན་སྐྱེས་བུ་གང་། ། ༨༠
སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །
ཡང་དག་མ་ཡིན་ཇི་ལྟ་བ། །
དེ་བཞིན་ཁམས་ནི་རེ་རེ་ལའང་། །
འདུས་ཕྱིར་ཡང་དག་ཉིད་དུ་མིན། ། ༨༡
གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། །
ནམ་མཁའ་ཡང་ནི་མིང་ཙམ་མོ། །
འབྱུང་མེད་གཟུགས་ལྟ་ག་ལ་ཡོད། །
དེ་ཕྱིར་མིང་ཙམ་ཉིད་ཀྱང་མེད། །
- དྲི་བ་གཉི་པ། ལས་རུང་མ་གཏང་བའི་སྔོན་དུ་སྔོན་འགྲོ་གང་གཏང་དགོས་གསུང་གནང་ཞུ།
- དྲི་བ་གསུམ་པ། ཚིག་དོན་འབྲས་བཤད་སྐྱབས་འཇུག་གནང་རོགས་གནང་།
ཨཿ ཀཿ སཿ མཿ རཿ ཙཿ ཤཿ དཿ རཿ སཿ མཿ རཿ ཡཿ ཕཊཿ ཟེར་བ་གངས་ངེས་ལ་
No comments:
Post a Comment