Wednesday, 28 October 2015

རྫུ་འཕྲུལ་གྱི་རྐང་པ་བཞི། ཞི་གནས་ཐོབ་བྱེད་ཀྱི་རིམ་པ་སེམས་གནས་དགུ

  • རྫུ་འཕྲུལ་གྱི་རྐང་པ་བཞི།
  1. འདུན་པའི་རྫུ་འཕྲུལ་གྱི་རྐང་པ།
  2. སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ།
  3. བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ།
  4. དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ།
གཉེན་པོ་འདུ་བྱེད།
དད་པ།
འདུན་པ་།
བརྩོན་འགྲུས།
ཤིན་སྦྱངས།
དྲན་པ།
ཤེས་བཞིན།
སེམས་པ།
བཏང་སྙོམས།
ཉེས་པ། ༥
ལེ་ལོ།
བརྗེད་ངས།
བྱིང་རྒོད། 
འདུ་མི་བྱེད།
འདུ་བྱེད་པ།
སེམས་གནས་གྲངས།







སེམས་གནས་མིང།
སེམས་འཇོག་པ།
རྒྱུན་དུ་འཇོག་པ།
གླན་ཏེ་འཇོག་པ།
ཉེ་བར་འཇོག་པ། 
དུལ་བར་བྱེད་པ། 
ཞི་བར་བྱེད་པ། 
རྣམ་པར་ཞི་བར་བྱེད་པ།
རྩེ་གཅིག་ཏུ་བྱེད་པ།
མཉམ་པར་འཇོག་པ། 

སེམས་གནས་
སོ་སོའི་ཉམས།
རྣམ་རྟོག་མང་དུ
སོང་བའི་ཉམས།
རྣམ་རྟོག་ངལ་
གསོ་བའི་ཉམས།
འགལ་རྐྱེན་
ཕྲད་ཚེ་རྣམ་རྟོག་
ཐང་ཆད་པའི་
ཉམས།
རྒྱ་ཆེན་པོ་ལས་
བསྡུས་ཏེ་ཕྲ་
བར་བྱེད་པ།
ཏིང་ངེ་འཛིན་
གྱི་ཡོན་ཏན་
ལ་དགའ་པ།
རྣམ་གཡེང་གི་
ཉེས་དམིགས་
རིགས་ནས་
འགོག་པ།
ཆགས་སེམས་
སོགས་ཉོན་མོངས་རྩོལ་བས་
སྤོང་བ།
ཏིང་འཛིན་རྒྱུན་ཆགས་སུ་འགྲུབ་པ།
རྩོལ་མེད་ལྷུན་གྲུབ་ཏུ་འཇུག་པ།
སྟོབས། ༦
ཐོས་པའི་སྟོབས།
བསམ་པའི་སྟོབས།
དྲན་པའི་སྟོབས།
ཤེས་བཞིན་གྱི་སྟོབས། 
བརྩོན་འགྲུས་ཀྱི་སྟོབས། 
ཡོངས་འདྲིས་ཀྱི་སྟོབས།
ཡིད་བྱེད། ༤
སྒྲིམ་ཏེ་འཇུག་པ།
ཆད་ཅིང་འཇུག་པ། 
ཆད་མེད་དུ་འཇུག་པ།
རྩོལ་མེད་དུ་འཇུག་པ། 

གསུམ་པརྫུ་འཕྲུལ་གྱི་རྐང་པ་ལ་ཡང་སྔར་ལྟར་དྲུག་ལས།
དང་པོ་དམིགས་པ་ཡོད་དེ། ཏིང་ངེ་འཛིན་ལ་བརྟེན་ནས་འགྲུབ་པར་བྱ་བའི་སྤྲུལ་བསྒྱུར་སྣ་ཚོགས་པ་ནི་དེའི་དམིགས་པ་ཡིན་པའི་ཕྱིར། 
གཉིས་པ་ངོ་བོ་ཡོད་དེ། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པའི་ཏིང་ངེ་འཛིན་དུ་གྱུར་པའི་ལམ་ཞུགས་ཀྱི་མཁྱེན་པ་ཞིག་ལ་འཇོག་པའི་ཕྱིར་ཏེ། ཀུན་བཏུས་ལས། ངོ་བོ་གང་ཞེ་ན། ཏིང་ངེ་འཛིན་ཏོ། །ཞེས་དང༌། མཛོད་ལས། རྫུ་འཕྲུལ་རྐང་པ་ཏིང་འཛིན་ཏོ། །ཞེས་གསུངས། 
གསུམ་པ་གྲོགས་ཡོད་དེ། འདུན་པ་བརྩོན་འགྲུས་སེམས་པ་དཔྱོད་པ་བཞི་དང་དེ་ལས་གཞན་པའི་སེམས་སེམས་བྱུང་རྣམས་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ལས། འདུན་པ་དང་བརྩོན་འགྲུས་དང་སེམས་པ་དང་དཔྱོད་པ་དང་དེ་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །ཞེས་གསུངས། གྲོགས་ཀྱི་སྒོ་ནས་ཕྱེ་བའི་རྫུ་འཕྲུལ་གྱི་རྐང་པ་བཞིའི་ངོ་བོ་ཡང་ཡོད་དེ། གུས་སྦྱོར་གྱི་བརྩོན་འགྲུས་བསྒོམས་པ་ལ་བརྟེན་ནས་ཐོབ་པའི་ཏིང་ངེ་འཛིན་གཙོ་བོར་གྱུར་པ་འདུན་པའི་རྫུ་འཕྲུལ་གྱི་རྐང་པའི་ངོ་བོ་དང༌། རྟག་སྦྱོར་གྱི་བརྩོན་འགྲུས་བསྒོམས་པ་ལ་བརྟེན་ནས་ཐོབ་པའི་ཏིང་ངེ་འཛིན་གཙོ་བོར་གྱུར་པ་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པའི་ངོ་བོ་དང༌། སྔོན་ཏིང་ངེ་འཛིན་བསྒོམ་པའི་སྐྱེས་སྟོབས་ལ་བརྟེན་ནས་ཐོབ་པའི་ཏིང་ངེ་འཛིན་གཙོ་བོར་གྱུར་པ་སེམས་པའི་རྫུ་འཕྲུལ་གྱི་རྐང་པའི་ངོ་བོ་དང༌། གཞན་གྱིས་བསྟན་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་བརྟེན་ནས་ཐོབ་པའི་ཏིང་ངེ་འཛིན་གཙོ་བོར་གྱུར་པ་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པའི་ངོ་བོ་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ལས། འདུན་པའི་ཏིང་ངེ་འཛིན་གང་ཞེ་ན། གང་གུས་པར་བྱེད་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་གང་ཞེ་ན། གང་རྒྱུན་ཏུ་སྦྱོར་བ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །སེམས་པའི་ཏིང་ངེ་འཛིན་གང་ཞེ་ན། གང་ཏིང་ངེ་འཛིན་བསྒོམས་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །དཔྱོད་པའི་ཏིང་ངེ་འཛིན་གང་ཞེ་ན། གང་གཞན་གྱིས་བསྟན་པའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་ལ་བརྟེན་ནས་སེམས་རྩེ་གཅིག་པ་ཉིད་ལ་རེག་པའོ། །ཞེས་གསུངས། 
བཞི་པ་སྒོམ་ཚུལ་ལ་གཉིས་ཡོད་དེ། དབུས་མཐའ་ནས་བཤད་ཚུལ་དང༌། མདོ་སྡེ་རྒྱན་ནས་བཤད་ཚུལ་གཉིས་སུ་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་སྒོམ་པ་ཡིན་པའི་ཕྱིར་ཏེ། དབུས་མཐའ་ལས། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བརྟེན་པའི་རྒྱུ་ལས་བྱུང་བའོ། །ཞེས་གསུངས། 
ཉེས་པ་ལྔ་ཡོད་དེ། 
  1. སྦྱོར་བའི་དུས་སུ་ཏིང་ངེ་འཛིན་སྒོམ་པ་ལ་མི་སྤྲོ་བའི་ལེ་ལོ་དང༌། 
  2. གདམས་ངག་བརྗེད་པའི་ཉེས་པ་དང༌། 
  3. དངོས་གཞིའི་དུས་སུ་བྱིང་རྒོད་འབྱུང་བ་དང༌། 
  4. བྱིང་རྒོད་བྱུང་བའི་ཚེ་གཉེན་པོ་མངོན་པར་འདུ་མི་བྱེད་པ་དང༌། 
  5. མ་བྱུང་བའི་ཚེ་གཉེན་པོ་མངོན་པར་འདུ་བྱེད་པའི་ཉེས་པ་རྣམས་ཡོད་པའི་ཕྱིར་ཏེ། 
དེ་ཉིད་ལས། 
ལེ་ལོ་དང་ནི་གདམས་ངག་རྣམས། །
བརྗེད་དང་བྱིང་དང་རྒོད་པ་དང༌། །
འདུ་མི་བྱེད་དང་འདུ་བྱེད་དེ། །
འདི་དག་ཉེས་པ་ལྔར་འདོད་དོ། །
ཞེས་གསུངས། 
སྤོང་བའི་འདུ་བྱེད་བརྒྱད་ཡོད་དེ།
  1. ལེ་ལོའི་གཉེན་པོ་བཞི་དང༌། 
  2. ཉེས་པ་ལྷག་མ་བཞིའི་གཉེན་པོ་བཞི་ཡོད་པའི་ཕྱིར། 
དང་པོ་གྲུབ་སྟེ། ལེ་ལོའི་གཉེན་པོ་དངོས་བརྩོན་འགྲུས་དང༌། དེའི་གནས་འདུན་པ་དང༌། དེའི་རྒྱུ་དད་པ་དང༌། བརྩོན་འགྲུས་ཀྱི་འབྲས་བུ་ཤིན་སྦྱངས་རྣམས་སུ་ཡོད་པའི་ཕྱིར་ཏེ། དེ་ཉིད་ལས། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་བུ་ཉིད་དུའོ། །ཅེས་གསུངས། 
ཕྱི་མ་གྲུབ་སྟེ། གདམས་ངག་བརྗེད་པའི་གཉེན་པོར་དམིགས་རྣམ་མི་བརྗེད་པའི་དྲན་པ་དང༌། བྱིང་རྒོད་ཀྱི་གཉེན་པོར་བྱིང་རྒོད་བྱུང་བ་ལ་བྱུང་བར་ཤེས་པའི་ཤེས་བཞིན་དང༌། ཉེས་པ་བཞི་པའི་གཉེན་པོར་བྱིང་རྒོད་སྤོང་བའི་སེམས་པ་དང༌། ལྔ་པའི་གཉེན་པོར་འབད་མེད་ལྷུན་གྲུབ་ཏུ་འཇུག་པའི་བཏང་སྙོམས་སྒོམ་དགོས་པའི་ཕྱིར་ཏེ། དེ་ཉིད་ལས། དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇོག་པའོ། །ཞེས་གསུངས། གཉིས་པ་རྒྱན་ནས་བཤད་པའི་ཚུལ་ཡོད་དེ། རྒྱན་ལས། རྟེན་དང་རབ་ཏུ་དབྱེ་བ་དང༌། །ཐབས་དང་མངོན་པར་འགྲུབ་པ་ཡི། །བརྟེན་པ་རྣམས་ཀྱི་རྫུ་འཕྲུལ་གྱི། །རྐང་པ་མཚན་ཉིད་མཆོག་ལྡན་བཞི། །ཞེས་རྟེན་དང༌། རབ་ཏུ་དབྱེ་བ་དང༌། ཐབས་དང་འབྲས་བུ་མངོན་པར་འགྲུབ་པ་སྟེ། ཁྱད་ཆོས་བཞིའི་སྒོ་ནས་རྫུ་འཕྲུལ་གྱི་རྐང་པ་བཤད་པའི་ཕྱིར། 
ལྔ་པ་དགོས་པ་ཡོད་དེ། སྤྲུལ་བསྒྱུར་སྣ་ཚོགས་འཇུག་པའི་ཆེད་ཡིན་པའི་ཕྱིར། 
དྲུག་པ་སྒྲ་དོན་ཡོད་དེ། རྫུ་འཕྲུལ་གྱི་སྒོ་ནས་སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་བགྲོད་པའི་ནུས་པ་དང་ལྡན་པས་རྐང་པ་གཉིས་པ་དང་འདྲ་བས་དེ་ལྟར་བརྗོད་པའི་ཕྱིར།

No comments:

Post a Comment