རྩ་ཤེས་གསུང་ཆོས་སྐོར་གྱི་དྲི་བ་དྲི་ལན།
༼དྲི་བ་རེ་རེ་ལ་གནོན་ན་དེའི་ལན་གྱི་སྒྲ་ཕབ་ལེན་གནང་ཐུབ།༽
༼དྲི་བ་རེ་རེ་ལ་གནོན་ན་དེའི་ལན་གྱི་སྒྲ་ཕབ་ལེན་གནང་ཐུབ།༽
- སངས་རྒྱས་ཀྱི་ངོར་ཀུན་རྫོབ་བདེན་པ་སྣང་དང་མ་སྣང་།
- ཕྱིའི་གཟུགས་སྒྲ་དང་ནང་གི་བདེ་སྡུག་སྣང་ཚུལ་སྐོར།
- བདེན་པར་གྲུབ་པར་མི་སྣང་བའི་བུམ་པ་ཡོད་དམ།
- བདེན་པ་བཞི་དེ་བདེན་པ་གཉིས་སུ་བསྡུ་ཚུལ།
- གང་ཟག་གི་བདག་མེད་རགས་པ་རྟོགས་ཚུལ་སོགས།
- བདག་འཛིན་རགས་པའི་སྐོར་ལ་ཕུང་པོ་དང་ངོ་བོ་གཅིག་པའི་བདག་ཏུ་གྲུབ་པར་འཛིན་ཚུལ་དང་། ཕུང་པོ་དང་ངོ་བོ་ཐ་དད་པའི་བདག་ཏུ་གྲུབ་པར་འཛིན་ཚུལ་སྐོར།
དྲི་བ་མཐའ་མའི་ལན་ལ།
བདག་འཛིན། | དཔེ། | ཞར་བྱུང་། |
རྟག་གཅིག་རང་དབང་ཅན་དུ་འཛིན་པ། | རྗེ་འཁོལ་ལྟར་འཛིན་པའམ་་་ ལུག་དང་ལུག་རྫི་ལྟར། |
བདག་འཛིན་རགས་པ། དེ་ལས་བྱུང་བའི་ཉོན་མོངས་རགས་པ་ |
རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འཛིན་པ། | ཚོང་དཔོན་དང་ཚོང་པའམ་་་ དམག་དཔོན་དང་དམག་མི་ལྟར། |
དེ་དབུ་མ་རང་རྒྱུད་པ་མན་ཆད་ཀྱིས་གང་ཟག་གི་བདག་འཛིན་ཕྲ་མོ་དང་ དེ་ལ་ལྷན་སྐྱེས་དང་ཀུན་བརྟགས་གཉིས་ཡོད་པར་འདོད། |
བདག་རང་གིས་མཚན་ཉིད་ཀྱི་གྲུབ་པར་འཛིན་པ། | ཐག་ཁྲ་སྦྲུལ་དུ་འཛིན་པ་ལྟར། | བདག་རང་གིས་མཚན་ཉིད་ཀྱི་གྲུབ་པ་དང་། རང་ངོས་ནས་གྲུབ་པ། རང་བཞིན་གྱིས་གྲུབ་པ། སྣང་བ་ལྟར་གྲུབ་པ། ཐལ་གྱུར་པའི་ལུགས་ལ་དགག་བྱ་ཕྲ་མོ་དང་། དེ་ལྟར་འཛིན་པ་ནི་གང་ཟག་གི་བདག་འཛིན་ཕྲ་མོ་ཡིན། |
No comments:
Post a Comment