Wednesday, 29 October 2014

སྒོམ་རིམ་ཐོག་མའི་སྒོ་ནས་ཐེག་ཆེན་སེམས་བསྐྱེད་འདོད་ཚུལ།

སློབ་དཔོན་ཀ་མ་ལ་ཤི་ལས་སྒོམ་རིམ་ཐོག་མཐའ་བར་གསུམ་གྱི་འཕྲུལ་དེབ་དེ་ནས་ཕབ་ལེན་གནང་རོགས་གནང་།
_________________________________________

བསྒོམ་པའི་རིམ་པ། དང་པོ།

༄༅། །རྒྱ་གར་སྐད་དུ། བྷཱ་བ་ན་ཀྲ་མ། བོད་སྐད་དུ། བསྒོམ་པའི་རིམ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐེག་པ་ཆེན་པོའི་མདོ་སྡེ་ཡི། །ཚུལ་སྤྱོད་ལས་ནི་དང་པོ་བ། །དེ་ལས་བརྩམས་ཏེ་བསྒོམ་པ་ཡི། །རིམ་པ་མདོ་ཙམ་བརྗོད་པར་བྱ། །ཐམས་ཅད་མཁྱེན་པ་ཉིད་མྱུར་དུ་ཐོབ་པར་འདོད་པས་མདོར་ན་སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་དང༌། སྒྲུབ་པ་དང༌། གནས་འདི་གསུམ་ལ་འབད་པར་བྱའོ། །

དེ་ལ་སངས་རྒྱས་ཀྱི་ཆོས་མ་ལུས་པའི་རྒྱུའི་རྩ་བ་ནི་སྙིང་རྗེ་ཁོ་ན་ཡིན་པར་ཤེས་པར་བྱས་ལ་དེ་ཉིད་ལ་ཐོག་མ་ཁོ་ནར་བསྒོམ་མོ། དེ་སྐད་དུ་འཕགས་པ་ཆོས་ཡང་དག་པར་སྡུག་པ་ལས་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །

བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་ཆོས་གཅིག་རབ་ཏུ་གཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་དུ་མཆིས་པ་ལགས་སོ། །ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་དུ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱིས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དཔེར་བགྱིས་ན་སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་སེམས་དཔའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ་ཞེས་འབྱུང་ངོ། །

འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ལས་ཀྱང་གསུངས་ཏེ། 

བཙུན་པ་ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་ནི་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་དུ་འགྲོ་བའི་ཕྱིར་རོ། །བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ་དཔེར་ན་དབུགས་ཕྱི་ནང་དུ་རྒྱུ་བ་ནི་མིའི་སྲོག་གི་དབང་པོ་སྔོན་དུ་འགྲོ་བ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ནི་ཐེག་པ་ཆེན་པོ་ཡང་དག་པར་འགྲུབ་པར་བྱ་བའི་ཕྱིར་སྔོན་དུ་འགྲོ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་དོ། །

འཕགས་པ་ག་ཡ་གོའི་རིའི་མདོ་ལས་ཀྱང་གསུངས་ཏེ། །

འཇམ་དཔལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་ཅི། གནས་ནི་གང༌། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པའི་རྩོམ་པ་ནི་སྙིང་རྗེ་ཆེན་པོའོ། །གནས་ནི་སེམས་ཅན་ནོ་ཞེས་དེ་ལ་སོགས་པ་རྒྱ་ཆེར་འབྱུང་ངོ། །

དེ་ལྟར་སྙིང་རྗེ་ཆེན་པོས་བསྐྱོད་པས་བྱང་ཆུབ་སེམས་དཔའ་རྣམས་བདག་ཉིད་ལ་མི་ལྟ་བར་གཞན་ལ་ཤིན་ཏུ་ཕན་པ་དོན་དུ་གཉེར་བའི་ཕྱིར་ཚོགས་བསགས་པ་ཤིན་ཏུ་བྱ་དཀའ་ཞིང་ཡུན་རིང་ལ་དུབ་པར་འགྱུར་བ་ལ་འཇུག་གོ །འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས་གསུངས་པ་ལྟ་བུ་སྟེ། དེ་ལ་སྙིང་རྗེ་ཆེན་པོ་ནི་གང་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྡུག་བསྔལ་སྐྱེ་བ་མི་ལེན་པ་ཅི་ཡང་མེད་དོ། །དེས་བདེ་བ་སྐྱེ་བ་མི་འདོར་བ་ཅི་ཡང་མེད་དོ་ཞེའོ། །དེ་ལྟར་ཤིན་ཏུ་བྱ་དཀའ་བ་ལ་ཞུགས་ནས་རིང་པོར་མི་ཐོགས་པར་ཚོགས་ཡོངས་སུ་རྫོགས་ཏེ་གདོན་མི་ཟ་བར་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་བས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཆོས་ཀྱི་རྩ་བ་ནི་སྙིང་རྗེ་ཆེན་པོ་ཁོ་ནའོ། །

སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་གོ་འཕང་བརྙེས་ནས་འགྲོ་བ་མ་ལུས་པའི་དོན་མཛད་ཅིང་བཞུགས་སོ། །མི་གནས་པའི་མྱ་ངན་ལས་འདས་པ་ལྟ་བུ་ཡང་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོའི་རྒྱུས་མྱ་ངན་ལས་འདའ་བ་ལ་མི་གནས་སོ། །དེ་ཡང་སྡུག་བསྔལ་བའི་སེམས་ཅན་ལ་དམིགས་ཤིང་ཡིད་ལ་བྱ་བ་མང་དུ་བྱས་པས་སྐྱེ་བར་འགྱུར་ཏེ། །སེམས་ཅན་འཇིག་རྟེན་གསུམ་ན་སྤྱོད་པ་ཐམས་ཅད་སྡུག་བསྔལ་རྣམ་པ་གསུམ་གྱིས་ཇི་ལྟར་མཐུན་པ་བཞིན་དུ་སྡུག་བསྔལ་ལོ་ཞེས་དེ་ལྟར་སེམས་ཅན་ཐམས་ཅད་ལ་བསྒོམ་མོ། །

དེ་ལ་སེམས་ཅན་དམྱལ་བ་པ་དེ་དག་ནི་རྒྱུན་མི་འཆད་ཅིང་ཡུན་རིང་ལ་ཚ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ཀྱི་ཆུ་བོར་བྱིང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །

དེ་བཞིན་དུ་ཡི་དགས་རྣམས་ཀྱང་ཕལ་ཆེར་ཤིན་ཏུ་མི་བཟད་པའི་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱི་མེས་སྐམས་པའི་ལུས་ཤིན་ཏུ་སྡུག་བསྔལ་མང་པོ་མྱོང་སྟེ། །ལོ་བརྒྱར་ཡང་ལ་ལས་མཆི་ལ་མའི་ཐལ་བ་དང༌། མི་གཙང་བ་ཙམ་ཡང་བ་ཟར་མི་རྙེད་དོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །

དུད་འགྲོ་རྣམས་ཀྱང་གཅིག་ལ་གཅིག་ཟ་བ་དང༌། ཁྲོ་བ་དང༌། རྣམ་པར་འཚེ་བ་དང༌། གསོད་པ་ལ་སོགས་པས་སྡུག་བསྔལ་མང་པོ་མྱོང་བ་ཁོ་ནར་སྣང་སྟེ། འདི་ལྟར་ཁ་ཅིག་སྣ་འབུགས་པ་དང༌། བརྡེག་པ་དང༌། བཅིང་བ་དང༌། གདགས་པ་ལ་སོགས་པ་བདག་ལ་དབང་མེད་པར་ཀུན་གྱིས་བདའ་བ་ཡིན་ཏེ༑ མི་འདོད་བཞིན་དུ་ཁལ་ཆེན་པོ་ལྕི་བ་བསྐུར་བས་སྐྱོ་ཞིང་ངལ་ལོ། །དེ་བཞིན་དུ་དགོན་པ་ན་འཁོད་པ་ཡང་ཉེས་པ་མེད་པར་ཁ་ཅིག་ཕྱེད་དུ་ཚོལ་ཞིང་གསོད་དེ། །རྟག་ཏུ་འཇིགས་པས་ཡིད་འཁྲུགས་ཏེ་ཕན་ཚུན་འཁོད་ཅིང་འབྲོས་པ་ཡང་གྲངས་མེད་པའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བ་ཁོ་ནར་སྣང་ངོ། །

དེ་བཞིན་དུ་མི་ལ་ཡང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལ་སོགས་པ་ཡོད་པ་ཁོ་ན་སྟེ། འདི་ན་རྐུན་པོ་ལ་སོགས་པ་གང་དག་ཡན་ལག་གཏུབ་པ་དང༌། གསལ་ཤིང་ལ་སྐྱོན་པ་དང༌། དབྱངས་ཏེ་བཏགས་པ་ལ་སོགས་པས་ཉོན་མོངས་པ་དེ་དག་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་ཁོ་ན་ཡིན་ནོ། །གང་དག་དབུ་ལ་ཞིང་ཕོངས་པ་དེ་དག་ནི་ཡི་དགས་དང་འདྲ་བར་བཀྲེས་ཤིང་སྐོམ་པ་ལ་སོགས་པས་སྡུག་བསྔལ་ལོ། །བྲན་ལ་སོགས་པ་གང་དག་གཞན་གྱིས་ལུས་ལ་དབང་བྱས་པ་དང༌། གང་དག་མཐུས་མནན་ཏེ་གནོད་པར་བྱེད་པ་དེ་དག་ནི་དུད་འགྲོ་དང་འདྲ་བར་བརྡེག་པ་དང༑ གདགས་པ་ལ་སོགས་པས་སྡུག་བསྔལ་ལོ། །དེ་བཞིན་དུ་བཙལ་བར་བྱ་བ་དང༌། གཅིག་ལ་གཅིག་གནོད་པ་བྱེད་པ་ལ་སོགས་པ་དང༌། སྡུག་པ་དང་བྲལ་བ་དང༌། མི་སྡུག་པ་དང་ཕྲད་པ་ལ་སོགས་པ་དེ་དག་ལ་སྡུག་བསྔལ་དཔག་ཏུ་མེད་དོ། །གང་དག་ཁ་ཅིག་ཕྱུག་ཅིང་སྐྱིད་པ་དང་འདྲ་བར་སྣང་བ་དེ་དག་ཀྱང་འབྱོར་བའི་མཐའ་ནི་རྒྱུད་པ་སྟེ། ལྟ་བ་ངན་པ་སྣ་ཚོགས་གཟིང་གཟིང་བར་ནུབ་ཅིང་སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བར་འགྱུར་བའི་རྒྱུ་ལས་དང་ཉོན་མོངས་པ་བསགས་པས་གད་ཀ་ན་འདུག་པ་དང་འདྲ་བར་སྡུག་བསྔལ་གྱི་རྒྱུར་གྱུར་པ་ཡང་ཡང་དག་པར་སྡུག་བསྔལ་བ་ཁོ་ན་ཡིན་ནོ། །

ལྷ་ལ་ཡང་གང་དག་འདོད་པའི་ཁམས་ན་སྤྱོད་པ་དེ་དག་ནི་འདོད་པའི་མེས་ཡིད་རབ་ཏུ་འབར་ཞིང་སེམས་འཁྲུགས་པ་དང་འདྲ་བར་གཤའ་མར་མི་འདུག་ལ། སྐད་ཅིག་ཀྱང་སེམས་མཉམ་པར་འཇོག་པར་མི་འགྱུར་ཏེ། རབ་ཏུ་ཞི་བ་བདེ་བའི་ནོར་གྱིས་དབུ་ལ་བ་དེ་དག་ལ་བདེ་བ་ཅི་ཞིག་ཡོད། རྟག་ཏུ་འཆི་འཕོ་བ་དང་ལྟུང་བ་ལ་སོགས་པའི་འཇིགས་པའི་མྱ་ངན་གྱིས་ནོན་པ་དག་སྟེ་དེ་དག་ཇི་ལྟར་བ་དེ། གང་དག་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དེ་དག་ཀྱང་སྐད་ཅིག་སྡུག་བསྔལ་གྱིས་སྡུག་བསྔལ་བ་ལས་འདས་མོད་ཀྱི། འོན་ཀྱང་དེ་དག་འདོད་པ་ན་སྤྱོད་པའི་བག་ལ་ཉལ་རྣམས་ཤིང་ཏུ་མ་སྤངས་པས་ཡང་སེམས་ཅན་དམྱལ་བ་ལ་སོགས་པར་ལྟུང་བ་ཡོད་པར་འགྱུར་བའི་སྡུག་བསྔལ་ཡོད་པ་ཉིད་དོ། །ལྷ་དང་མི་འདི་དག་ཐམས་ཅད་ནི་ལས་དང་ཉོན་མོངས་པ་ལ་སོགས་པའི་རྒྱུས་གཞན་གྱི་དབང་དུ་གྱུར་པས་ན་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་སྡུག་བསྔལ་བ་ཉིད་དོ། །དེ་ལྟར་འགྲོ་བ་ཐམས་ཅད་སྡུག་བསྔལ་གྱི་མེ་ལྕེའི་ཕྲེང་བའི་ས་ཡིན་པར་བལྟས་ལ། 

ཇི་ལྟར་བདག་ཉིད་ཀྱི་སྡུག་བསྔལ་མི་སྡུག་པ་ལྟར་གཞན་དག་གི་ཡང་དེ་དང་འདྲ་བ་སེམས་ཤིང་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ཁོ་ན་བསྒོམ་པར་བྱ་སྟེ། །ཐོག་མ་ཁོ་ནར་མཛའ་བཤེས་ཀྱི་ཕྱོགས་ལ་གོང་དུ་སྨོས་པའི་སྡུག་བསྔལ་སྣ་ཚོགས་མྱོང་བར་ལྟ་ཞིང་བསྒོམ་པར་བྱའོ། །

དེ་ནས་སེམས་མཉམ་པས་བྱེ་བྲག་མེད་པར་ལྟ་སྟེ། ཐོག་མ་མེད་པ་ཅན་གྱི་འཁོར་བ་ལན་བརྒྱར་ཡང་བདག་གི་གཉེན་དུ་མ་གྱུར་པའི་སེམས་ཅན་གང་ཡང་མེད་དོ་སྙམ་དུ་སེམས་པས་ཕལ་པ་ལ་བསྒོམ་པར་བྱའོ། །གང་གི་ཚེ་མཛའ་བཤེས་ཀྱི་ཕྱོགས་དང་འདྲ་བར་ཕལ་པ་རྣམས་ལ་ཡང་སྙིང་རྗེ་མཚུངས་པར་འཇུག་པ་དེའི་ཚེ་དགྲའི་ཕྱོགས་ལ་ཡང་དེ་བཞིན་དུ་སེམས་མཉམ་པ་ཉིད་ལ་སོགས་པ་ཡིད་ལ་བྱེད་པས་བསྒོམ་པར་བྱའོ། །

གང་གི་ཚེ་མཛའ་བཤེས་ཀྱི་ཕྱོགས་དང་འདྲ་བར་དགྲ་ལ་ཡང་མཉམ་པར་འཇུག་པ་དེའི་ཚེ་རིམ་གྱིས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་ཡང་བསྒོམ་པར་བྱའོ། །གང་གི་ཚེ་ཡིད་དུ་འོང་བའི་བུ་མི་བདེ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་སྡུག་བསྔལ་གཏན་ནས་དབྱུང་བར་འདོད་པའི་རྣམ་པའི་སྙིང་རྗེ་རང་གི་ངང་གིས་འཇུག་པ་བདག་ཉིད་ཀྱིས་མཚུངས་པར་གྱུར་པ་དེའི་ཚེ་དེ་རྫོགས་པ་ཡིན་པས་སྙིང་རྗེ་ཆེན་པོའི་མིང་ཐོབ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བསྔགས་པ་བཞིན་ནོ། །

འདི་ལྟར་སྙིང་རྗེ་བསྒོམ་པའི་གོ་རིམས་འདི་ནི་བཅོམ་ལྡན་འདས་ཀྱིས་ཆོས་མངོན་པའི་མདོ་ལ་སོགས་པ་ལས་བཀའ་སྩལ་ཏོ། །དེ་ལྟར་སྙིང་རྗེ་གོམས་པའི་སྟོབས་ཀྱིས་སེམས་ཅན་མ་ལུས་པ་དྲང་བར་དམ་བཅས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་པའི་རང་བཞིན་གྱིས་བྱང་ཆུབ་ཀྱི་སེམས་སྒྲིམ་མི་དགོས་པ་ཁོ་ནར་སྐྱེ་སྟེ། འཕགས་པ་ཆོས་བཅུ་པའི་མདོ་ལས། །སེམས་ཅན་མགོན་མེད་པ། སྐྱབས་མེད་པ། གླིང་མེད་པ་དག་མཐོང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ་ཞེས་གསུངས་པ་བཞིན་ནོ། །

གཞན་གྱིས་ཡང་དག་པར་འཛིན་དུ་བཅུག་པ་ལས་ཀྱང་བྱང་ཆུབ་སེམས་དཔའ་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་མོད་ཀྱི། འོན་ཀྱང་སྙིང་རྗེ་ཆེན་པོས་ནོན་ཏེ། བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁྱད་ཆེ་བར་བཅོམ་ལྡན་འདས་ཀྱིས་འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་ལས་བཀའ་སྩལ་ཏོ། །

བྱང་ཆུབ་ཀྱི་སེམས་དེ་སྒྲུབ་པ་དང་མི་ལྡན་ཡང་འཁོར་བའི་ནང་ན་འབྲས་བུ་ཆེ་བར་བཅོམ་ལྡན་འདས་ཀྱིས་དེ་སྐད་བྱམས་པའི་རྣམ་པར་ཐར་པ་ལས་བཀའ་སྩལ་ཏེ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྡོ་རྗེ་རིན་པོ་ཆེ་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཏོ། །རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ཞིང་དབུལ་བ་ཐམས་ཅད་ཀྱང་བཟློག་གོ། །རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་སྒྲུབ་པ་དང་མི་ལྡན་པ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཏོ༑ །བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ཞིང་འཁོར་བའི་དབུལ་བ་ཡང་ཟློག་པར་བྱེད་དོ་ཞེས་འབྱུང་ངོ། །

གང་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སློབ་མི་ནུས་པ་དེས་ཀྱང་འབྲས་བུ་ཆེ་བའི་ཕྱིར་ཐབས་ཀྱིས་ཡོངས་སུ་ཟིན་པར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། །འཕགས་པ་རྒྱལ་པོ་ལ་གདམས་པའི་མདོ་ལས། །

འདི་ལྟར་རྒྱལ་པོ་ཆེན་པོ་ཁྱོད་ནི་བྱ་བ་མང་བྱེད་པ་མང་སྟེ། ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་སློབ་མི་བཟོད་ན་འདི་ལྟར་རྒྱལ་པོ་ཆེན་པོ་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང༌། དད་པ་དང༌། དོན་དུ་གཉེར་བ་དང༌། སྨོན་པ་འདི་འགྲོ་ཡང་རུང༌། འགྲོང་ཡང་རུང༌། འདུག་ཀྱང་རུང༌། ཉལ་ཡང་རུང༌། སད་ཀྱང་རུང༌། ཟ་ཡང་རུང༌། འཐུང་ཡང་རུང༌། རྟག་ཏུ་རྒྱུན་མི་འཆད་པར་དྲན་པར་གྱིས་ཤིག །ཡིད་ལ་གྱིས་ཤིག །སྒོམས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང་རང་སངས་རྒྱས་དང༌། སོ་སོའི་སྐྱེ་བོ་ཐམས་ཅད་དང༌། བདག་གི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་བསྡུས་ཏེ། རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བར་གྱིས་ཤིག །རྗེས་སུ་ཡི་རང་ནས་ཀྱང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། རང་སངས་རྒྱས་དང༌། ཉན་ཐོས་རྣམས་ལ་མཆོད་པར་བྱ་བའི་ཕྱིར་དབུལ་ལོ། །ཕུལ་ནས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱིས་ཤིག །དེ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་ཐོབ་པར་བྱ་བའི་ཕྱིར་དང༌། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཤིག །རྒྱལ་པོ་ཆེན་པོ་ཁྱོད་དེ་ལྟར་ཞུགས་ལ་རྒྱལ་པོ་གྱིས་ཤིག །རྒྱལ་པོའི་སྲིད་ཀྱང་མི་ཉམས་སོ། །བྱང་ཆུབ་ཀྱི་ཚོགས་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་དེ་ལ་སོགས་པ་རྒྱས་པར་བཤད་ནས། །

ཡང་བཀའ་སྩལ་པ། །

རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བ་དེའི་རྣམ་པར་སྨིན་པས་ལན་དུ་མར་ལྷ་དང་མིར་སྐྱེས་པར་གྱུར་ཏོ། །ལྷ་དང་མིར་སྐྱེས་པ་ཐམས་ཅད་ན་ཡང་དབང་པོར་གྱུར་ཏོ་ཞེས་རྒྱས་པར་བཀའ་སྩལ་པ་བཞིན་ནོ། །སྒྲུབ་པ་སྙིང་པོར་བྱེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་འབྲས་བུ་གང་ཡིན་པ་དེ་ཤིན་ཏུ་རྒྱ་ཆེ་བར་གྲུབ་སྟེ། འཕགས་པ་དཔས་སྦྱིན་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ ནམས་གང༌། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །

སྡོང་པོ་བཀོད་པ་ལས་ཀྱང་བསྔགས་ཏེ། །

རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ་ཞེས་རྒྱས་པར་བཤད་དོ། །

བྱང་ཆུབ་ཀྱི་སེམས་དེ་ཡང་རྣམ་པ་གཉིས་ཏེ། སྨོན་པའི་སེམས་དང༌། ཞུགས་པའི་སེམས་ཏེ། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས་གསུངས་པ། །

རིགས་ཀྱི་བུ་སེམས་ཅན་གྱི་འཇིག་རྟེན་ན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཀྱིས་སྨོན་པའི་སེམས་ཅན་དེ་དང་དེ་དག་ནི་རྙེད་པར་དཀའོ། །སེམས་ཅན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་ནི་དེ་བས་ཀྱང་ཤིན་ཏུ་རྙེད་པར་དཀའོ་ཞེས་འབྱུང་ངོ། །

དེ་ལ་འགྲོ་བ་མཐའ་དག་ལ་ཕན་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་གང་ཐོག་མར་དོན་དུ་གཉེར་བ་དེ་ནི་སྨོན་པའི་སེམས་སོ། །གང་ཕན་ཆད་སྡོམ་པ་བཟུང་སྟེ་ཚོགས་རྣམས་ལ་ཞུགས་པ་དེ་ནི་ཞུགས་པའི་སེམས་སོ། །སྡོམ་པ་ནི་ཕ་རོལ་པོ་མཁས་པ་མཐུ་དང་ལྡན་པ་སྡོམ་པ་ལ་གནས་པ་ལས་མནོད་དོ། །མཐུན་པ་མེད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མངོན་དུ་བྱས་ལ། །འཕགས་པ་འཇམ་དཔལ་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་པ་ན་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བསྐྱེད་པར་བྱའོ། །

དེ་ལྟར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་བདག་མ་དུལ་ན་གཞན་མི་དུལ་བར་ཤེས་ནས་བདག ཉིད་སྦྱིན་པ་ལ་སོགས་པ་སྒྲུབ་པ་ལ་རབ་ཏུ་སྦྱོར་རོ། །སྒྲུབ་པ་མེད་པར་བྱང་ཆུབ་མི་ཐོབ་བོ། །འདི་ལྟ་སྟེ་འཕགས་པ་ག་ཡ་གོའི་རི་ལས་གསུངས་པ། བྱང་ཆུབ་ནི་སྒྲུབ་པ་སྙིང་པོར་བྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡིན་ཏེ། ལོག་པར་སྒྲུབ་པ་སྙིང་པོར་བྱེད་པ་རྣམས་ཀྱི་ནི་མ་ཡིན་ནོ་ཞེའོ། །

འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས་ཀྱང་གསུངས་ཏེ། །

དེ་ལྟ་བས་ན་སྒྲུབ་པ་སྙིང་པོར་བྱའོ་ཞེས་གཞོན་ནུ་ཁྱོད་ཀྱིས་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞོན་ནུ་སྒྲུབ་པ་སྙིང་པོར་བྱེད་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་དཀའ་བ་མ་ཡིན་པའི་ཕྱིར་རོ། །ཞེའོ། །བྱང་ཆུབ་སེམས་དཔའི་སྒྲུབ་པ་དེ་ཡང་ཕ་རོལ་ཏུ་ཕྱིན་པ་དང༌། ཚད་མེད་པ་དང༌། བསྡུ་བའི་དངོས་པོ་ལ་སོགས་པའི་བྱེ་བྲག་ཡིན་པར་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་དང༌། དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་ལས་རྒྱས་པར་བཤད་པ་ཡིན་ནོ། །འདི་ལྟར་འཇིག་རྟེན་གྱི་བཟོ་ལ་སོགས་པའི་གནས་ཀྱི་བར་དག་ལ་ཡང་བྱང་ཆུབ་སེམས་དཔས་བསླབ་པར་བྱ་བ་ཡིན་ན་འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་སོགས་པ་ལྟ་ཅི་སྨོས་ཏེ། དེ་ལྟ་མ་ཡིན་ན་སེམས་ཅན་གྱི་དོན་གྱི་རྣམ་པ་ཐམས་ཅད་ཇི་ལྟར་བྱ། བྱང་ཆུབ་སེམས་དཔའི་སྒྲུབ་པ་དེ་ཡང་མདོར་ན་ཐབས་དང་ཤེས་རབ་ཀྱི་ངོ་བོ་ཡིན་ཏེ། ཤེས་རབ་འབའ་ཞིག་ཀྱང་མ་ཡིན་ཏེ། ཐབས་འབའ་ཞིག་ཀྱང་མ་ཡིན་ནོ། །དེ་ཡང་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པ་ལས་ཀྱང་ཤེས་རབ་དང་བྲལ་བའི་ཐབས་དང༌། ཐབས་དང་བྲལ་བའི་ཤེས་རབ་ནི་བྱང་ཆུབ་སེམས་དཔའི་འཆིང་བའོ་ཞེས་གསུངས་སོ། །ཐབས་དང་བཅས་པའི་ཤེས་རབ་དང༌། ཤེས་རབ་དང་བཅས་པའི་ཐབས་ནི་ཐར་པའོ་ཞེས་བསྔགས་སོ། །འཕགས་པ་ག་ཡ་གོའི་རི་ལས་ཀྱང་གསུངས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུ་ན་འདི་གཉིས་ཏེ། བྱང་ཆུབ་སེམས་དཔའ་དག་ལ་ལམ་འདི་གཉིས་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། ཐབས་དང༌། ཤེས་རབ་བོ་ཞེའོ། །དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པར་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དང༑ བསྡུ་བའི་དངོས་པོ་ལ་སོགས་པ་དང་ཞིང་ཡོངས་སུ་དག་པ་དང༌། ལོངས་སྤྱོད་ཆེན་པོ་དང༌། གཡོག་འཁོར་མང་པོ་ཕུན་སུམ་ཚོགས་པ་ལ་སོགས་པ་དག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང༌། སྤྲུལ་པ་ལ་སོགས་པ་མངོན་པར་མཐོ་བའི་ཆོས་སྡུད་པར་བྱེད་པའི་དགེ་བ་ཐམས་ཅད་ནི་ཐབས་ཞེས་བྱའོ། །ཤེས་རབ་ནི་ཐབས་དེའི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་རྒྱུ་ཡིན་ཏེ། དེས་ཡང་དག་པར་ཐབས་ཀྱི་བྱེ་བྲག་ཕྱེད་ནས་ཕྱིན་ཅི་ལོག་མེད་པས་བདག་དང་གཞན་གྱི་དོན་ཇི་ལྟ་བ་བཞིན་དུ་བསྒྲུབས་པས་སྔགས་ཀྱིས་བཏབ་པའི་དུག་ཟ་བ་དང་འདྲ་སྟེ། ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །དེ་སྐད་དུ་མདོ་སྡེ་དེ་ཉིད་ལས་བཀའ་སྩལ་ཏེ། ཐབས་ནི་བསྡུ་བ་ཤེས་པའོ། །ཤེས་རབ་ནི་ཡོངས་སུ་སྦྱོང་བ་ཤེས་པའོ་ཞེའོ། །

འཕགས་པ་དད་པའི་སྟོབས་བསྐྱེད་པ་ལས་ཀྱང་གསུངས་ཏེ། 


ཐབས་ལ་མཁས་པ་ནི་ཆོས་ཐམས་ཅད་ཡང་དག་པར་སྡུད་པ་གང་ཡིན་པའོ། །ཤེས་རབ་གང་ཞེ་ན། གང་ཆོས་ཐམས་ཅད་མ་འདྲེས་པ་ལ་མཁས་པའོ། །ཐབས་དང་ཤེས་རབ་འདི་གཉིས་ནི་སར་ཆུད་པ་རྣམས་ཀྱིས་ཀྱང་དུས་ཐམས་ཅད་དུ་བསྟེན་པར་བྱ་སྟེ། ཤེས་རབ་འབའ་ཞིག་ནི་མ་ཡིན་ནོ། །

Tuesday, 28 October 2014

ལམ་ཇི་ལྟ་བུ་ཞིག་གིས་འཁོར་བ་ལས་ལྡོག་པ། གསུམ་པ། སྡོམ་པ་སྲུང་བ་དང་ལྟུང་བ་འབྱུང་བའི་སྒོ་བཞི།

གཉིས་པ་ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་དངོས་བཤད་པ།
  • རྟེན་ཇི་ལྟ་བུ་ཞིག་གིས་འཁོར་བ་ལས་ལྡོག་པ། 
  • ལམ་ཇི་ལྟ་བུ་ཞིག་གིས་འཁོར་བ་ལས་ལྡོག་པ། 
འདིར་ཚུལ་ཁྲིམས་ཀྱི་བསླབ་པ་རྩལ་དུ་བཏོན་ནས་འཆད་པའི་ཕྱག་བཞས་ཡོད།
ཚུལ་ཁྲིམས་ཉམས་ན་སྐྱེ་བ་འབུམ་ཕག་མང་ཨོར་སྡུག་བསྔལ་མྱོང་།
རང་རང་གི་རྒྱུད་ཀྱི་དགེ་ཚུལ་སློང་གི་སྡོམ་པ་ལེགས་པར་བསྲུང་ན། རང་རེ་དགེ་འདུན་དུ་བྱེད་པའི་བྱེད་ཆོས་སུ་གྲོ བསྟན་པ་འཛིན་པ་ཡང་དེ་ཉིད་ཡིན། དགེ་ཚུལ་སློང་སྡོམ་པ་སོགས་ལྟ་ཅི། ཁྱིམ་པ་སོགས་ཀྱིས་ཀྱང་བསྙེན་གནས་ཀྱི་སྡོམ་པ་ཉིན་གཅིག་ཙམ་བསྲུང་ནའང་ཕན་ཡོན་ཆེ་བ་ཡིན།
རང་རེས་བསླབ་པ་གསུམ་སོགས་ཀྱི་གཏམ་ཡང་ཡང་ཤོད་ཁུལ་ཡོད་མོད། གཞན་གཉིས་ནི་རང་རྒྱུད་ལ་གཟུགས་བརྙན་ཙམ་ཡང་མེད་ཀྱང་། སོ་ཐར་གྱི་བསླབ་པ་དངོས་སུ་བསྲུང་དུ་ཡོད་པས་འདི་ལ་འབད་དགོས། བསླབ་པ་བསྲུང་བ་ལའང་ལྟུང་བ་འབྱུང་བའི་སྒོ་དགག་དགོས།
  1. མི་ཤེས་པ།
  2. མ་དགུ་པ།
  3. ཉོན་མོངས་བ།
    • འདོད་ཆགས་ཀྱི་གཉེན་པོར། མི་སྡུག་པ་བསྒོམ་པ།
    • ཞེ་སྡང་གི་གཉེན་པོ་ལ། བྱམས་པ་བསྒོམ།
    • ང་རྒྱལ་གྱི་གཉེན་པོར། ན་རྒ་འཆི་བ་དང་། ངེས་པ་མེད་པ། ཡང་ཡང་མཐོ་དམན་དུ་འགྱུར་བ། ཁམས་ཀྱི་རབ་དབྱེ་བསམ།
    • གཏི་མུགགི་གཉེན་པོར། རྟེན་འབྲེལ།
    • ཉོན་མོང་སྤྱིའི་གཉེན་པོར། སྟོང་ཉིད་ཀྱི་ལྟ་བ་བསྒོམ།
  4. བག་མེད་པ།
_________________________________________________________

Sunday, 26 October 2014

ཐེག་པ་ཆེན་པོ་གཉིས་སུ་འབྱེད་པའི་རྒྱུ་མཚན་དེ་སློབ་དཔོན་གཞན་གྱིས་ཇི་ལྟར་བཤད་པ།

_____________________________________

མཉམ་མེད་ཙོང་ཁ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ལས་རྒྱུད་སྡེ་འོག་མ་གསུམ་གྱི་ས་བཅད་ལས།

ལེའུ་དང་པོ་བསྟན་པ་ལ་འཇུག་པ་མི་འདྲ་བའི་སྒོ་སྤྱིར་བསྟན་པ།
རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་བཤད་པ།
- རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ།
+ ཐེག་པ་སྤྱིའི་དབྱེ་བ།
  • ཇི་ལྟར་དབྱེ་བའི་སྒོ།
  • གང་གིས་འབྱེད་པའི་རྒྱུ་མཚན།
  • ཕྱེ་བ་སོ་སོའི་རང་བཞིན།
    • ཐེག་པ་དམན་པའི་རྣམ་གཞག
    • ཐེག་པ་ཆེན་པོའི་རྣམ་གཞག
  • ཐམས་ཅད་ཀྱང་མཐར་འཚང་རྒྱ་བའི་ཡན་ལག་ཏུ་བསྟན་པ།
    + ཐེག་པ་ཆེན་པོའི་དབྱེ་བ།
    ༡། ཐེག་པ་ཆེན་པོ་གཉིས་སུ་དབྱེ་བ།
    ཀ། ཇི་ལྟར་དུ་ཕྱེ་བའི་གྲངས།
    ཁ། ཕྱེ་བ་སོ་སོའི་དོན།
    ག དེ་ལྟར་དུ་འབྱེད་པའི་རྒྱུ་མཚན།
    ༡ རྟོགས་ལྡན་ལ་སྐྱེ་བའི་དོགས་པའི་གནས་དགོད་པ།
    ༢ དེ་ལ་ལན་གདབ་པ།
    ༡-----གཞན་གྱིས་བརྟགས་པའི་མཐའ་དགག་པ།
    ༢-----ལེགས་པར་གནས་པའི་ཕྱོགས་གཞག་པ་ནི།
    ཀ། ཐེག་ཆན་གཉིས་སུ་འབྱེད་པའི་རྒྱུ་མཚན་དངོས།
    • དངོས་ཀྱི་དོན་བསྟན་པ།
    • དེའི་ཁུངས་དགོས་པ།
      • རྣལ་འབྱོར་བླ་མེད་ཀྱི་གཞུང་ནས་བཤད་པ།
        • རྒྱུད་ནས་བཤད་པའི་ཚུལ།
        • དགོངས་འགྲེལ་རྣམས་ཀྱིས་ཇི་ལྟར་བཤད་པ།
          • སློབ་དཔོན་ཡེ་ཤེས་ཞབས་ཀྱི་གཞུང་ནས་ཇི་ལྟར་བཤད་པ།
          • སློབ་དཔོན་གཞན་གྱིས་ཇི་ལྟར་བཤད་པ། ལྷའི་རྣལ་འབྱོར་ཙམ་ཞིག་སྒོམ་ན་གཏན་འཚང་རྒྱ་མི་ནུས་པ་དང་། ལྷ་མ་བསྒོམས་ན་སྟོང་ཉིད་ཐབས་གཞན་དང་ལྡན་པར་བསྒོམས་པས་བསྐལ་པ་གྲངས་མེད་མང་པོས་འཚང་རྒྱ་བདང་། ལྷ་དང་སྟོང་ཉིད་གཉིས་ཀ་བསྒོམས་ན་ལམ་མྱུར་བར།
      • རྒྱུད་སྡེ་འོག་མའི་གཞུང་ནས་བཤད་པའི་ཚུལ།
      • དེ་ལ་རྩོད་པ་སྤང་བ།
        ཁ། ལམ་ལ་ཁྱད་པར་ཡོད་ཀྱང་འབྲས་བུ་ལ་མཆོག་དམན་མེད་པར་བསྟན་པ།
          ༢། རྡོ་རྗེ་ཐེག་པ་ལ་འཇུག་པའི་རྣམ་དབྱེ་བྱེ་བྲག་ཏུ་བཤད་པ།
          - དེ་ལ་འཇུག་པའི་རིམ་པ་མི་འདྲ་བའི་སྒོ་ནས་བསྟན་པ།
          མཉམ་མེད་ཙོང་པ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ཤོག་གྲངས་ ༢༨ ནས།

          གཟའ་ཉི་མའི་སློབ་ཚན་ནང་གི་དྲི་བ་དྲི་ལན།

          1. སྣང་བ་སྟོང་སང་། ངེས་ངོར་རང་བཞིན་མེད་པ། མྱོང་ཡུལ་བདེ་བ་ཆེན་པོའི་ཡེ་ཤེས་རང་ཉིད་ཆོས་ཀྱི་སྐུའི་ངོ་བོ། ཞེས་གསུངས་པ་དེ་རྣམས་ཀྱི་གོ་དོན་སྐོར།
          2. སྐྱབས་ཐུགས་རྗེ་མ་ལས། བྱང་སེམས་ཐུར་བབས་དཀར་ལམ་ཤར་བ་དང་། རཀྟ་གྱེན་ལོག་དམར་ལམ་ཤར་བ་དང་། དབུ་མ་འགྱེལ་དུས་ནག་ལམ་འཚུབ་པའི་ཐེ། སྐྱབས་ལ་བབ་པོ་བླ་མ་རིན་པོ་ཆེ། འཁོར་བ་ནས་དྲོངས་ཤིག་འཕགས་མཆོག་སྤྱན་རས་གཟིགས། ཞེས་གསུངས་པ་དེའི་དོན་ལ་འགྲེལ་བཤད་གནང་།
          3. བཟོད་པ་ཉམས་ལེན་བྱེད་སྐབས་ལན་སློག་དགོས་སམ་མི་དགོས།

          Wednesday, 22 October 2014

          ཀ་མ་ལ་ཤི་ལས་སྒོམ་རིམ་བར་བ་ལས་ཐེག་ཆེན་སེམས་བསྐྱེད་ཀྱི་རྣམ་གཞག

          སློབ་དཔོན་ཀ་མ་ལ་ཤི་ལས་སྒོམ་རིམ་བར་བ་ལས་ཐེག་ཆེན་སེམས་བསྐྱེད་ཀྱི་རྣམ་གཞག
          _________________________________________________________
            སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་རང་གི་དོན་ཕུན་སུམ་ཚོགས་པ་མཐའ་དག་བརྙེས་ཀྱང་སེམས་ཅན་གྱི་ཁམས་མཐར་ཐུག་པའི་བར་དུ་བཞུགས་པར་མཛད་དོ། །ཉན་ཐོས་བཞིན་དུ་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཤིན་ཏུ་ཞི་བར་ཡང་འཇུག་པར་མི་མཛད་དེ། སེམས་ཅན་ལ་གཟིགས་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཞི་བ་དེ་ལྕགས་ཀྱི་ཁང་པ་འབར་བ་བཞིན་དུ་ཐག་རིང་དུ་སྤོང་བས་བཅོམ་ལྡན་འདས་རྣམས་ཀྱི་མི་གནས་པའི་མྱ་ངན་ལས་འདས་པའི་རྒྱུ་ནི་སྙིང་རྗེ་ཆེན་པོ་དེ་ཉིད་ཡིན་ནོ། །དེ་ལ་སྙིང་རྗེ་བསྒོམ་པའི་རིམ་པ་དེ་དང་པོ་འཇུག་པ་ནས་བརྩམས་ཏེ་བརྗོད་པར་བྱའོ། །ཐོག་མར་རེ་ཞིག་བཏང་སྙོམས་བསྒོམས་པས་སེམས་ཅན་ཐམས་ཅད་ལ་རྗེས་སུ་ཆགས་པ་དང༌། ཁོང་ཁྲོ་བ་བསལ་ཏེ་སྙོམས་པའི་སེམས་ཉིད་བསྒྲུབ་ པར་བྱའོ། 

            །སེམས་ཅན་ཐམས་ཅད་བདེ་བ་ནི་འདོད་སྡུག་བསྔལ་བ་ནི་མི་འདོད་ལ། ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་སེམས་ཅན་གང་ལན་བརྒྱར་བདག་གི་གཉེན་དུ་མ་གྱུར་པ་དེ་གང་ཡང་མེད་དོ་སྙམ་དུ་ཡོངས་སུ་བསམ་ཞིང༌། 

            འདི་ལ་བྱེ་བྲག་ཅི་ཞིག་ཡོད་ན་ལ་ལ་ལ་ནི་རྗེས་སུ་ཆགས། ལ་ལ་ལ་ནི་ཁོང་ཁྲོ་བར་གྱུར་པས་དེ་ལྟ་བས་ན་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཉིད་དུ་བྱའོ་སྙམ་དུ་དེ་ལྟར་ཡིད་ལ་བྱ་ཞིང་བར་མའི་ཕྱོགས་ནས་བརྩམས་ཏེ། མཛའ་བཤེས་དང་དགྲ་ལ་ཡང་སེམས་སྙོམས་པ་ཉིད་དུ་བསྒོམ་མོ། །དེ་ནས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཉིད་དུ་བསྒྲུབས་ནས་བྱམས་པ་བསྒོམ་མོ། །བྱམས་པའི་ཆུས་སེམས་ཀྱི་རྒྱུད་བརླན་ཏེ་གསེར་ཡོད་པའི་ས་གཞི་བཞིན་དུ་བྱས་ལ་སྙིང་རྗེའི་ས་བོན་བཏབ་ན་བདེ་བླག་ཏུ་ཤིན་ཏུ་ཡོངས་སུ་རྒྱས་པར་འགྱུར་རོ། །དེ་ནས་སེམས་ཀྱི་རྒྱུད་བྱམས་པས་བསྒོས་ནས་སྙིང་རྗེ་བསྒོམ་པར་བྱའོ། 

            །སྙིང་རྗེ་དེ་ནི་སེམས་ཅན་སྡུག་བསྔལ་བ་ཐམས་ཅད་སྡུག་བསྔལ་དེ་དང་བྲལ་བར་འདོད་པའི་རྣམ་པ་ཡིན་ནོ། །ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ནི་སྡུག་བསྔལ་ཉིད་རྣམ་པ་གསུམ་གྱིས་ཅི་རིགས་པར་ཤིན་ཏུ་སྡུག་བསྔལ་བ་དག་ཡིན་པས་དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་དེ་བསྒོམ་པར་བྱ་སྟེ། འདི་ལྟར་རེ་ཞིག་སེམས་ཅན་དམྱལ་བ་བའི་སེམས་ཅན་གང་དག་ཡིན་པ་དེ་དག་ནི་རྒྱུན་མི་འཆད་ཅིང་ཡུན་རིང་ལ་ཚ་བ་ལ་སོགས་པའི་སྡུག་བསྔལ་སྣ་ཚོགས་ཀྱི་ཆུ་བོར་བྱིང་བ་ཁོ་ན་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་བཞིན་དུ་ཡི་དགས་རྣམས་ཀྱང་ཕལ་ཆེར་ཤིན་ཏུ་མི་བཟད་པའི་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱི་སེམས་བསྐམས་པའི་ལུས་ཤིན་ཏུ་སྡུག་བསྔལ་མང་པོ་མྱང་ངོ་ཞེས་བཀའ་སྩལ་ཏོ། །དུད་འགྲོ་རྣམས་ཀྱང་གཅིག་ལ་གཅིག་ཟ་བ་དང༌། ཁྲོ་བ་དང༌། གསོད་པ་དང༌། རྣམ་པར་འཚེ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་མང་པོ་མྱོང་བ་ཁོ་ནར་སྣང་ངོ། །མི་རྣམས་ཀྱང་འདོད་པ་ཡོངས་སུ་ཚོལ་བས་ཕོངས་ནས་གཅིག་ལ་གཅིག་འཁུ་བ་དང༌། གནོད་པ་བྱེད་པ་དང༌། སྡུག་པ་དང་བྲལ་བ་དང༌། མི་སྡུག་པ་དང་ཕྲད་པ་དང༌། དབུལ་ཕོངས་ལས་གྱུར་པ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་མྱོང་བར་སྣང་ངོ༑ །

            གང་དག་འདོད་ཆགས་ལ་སོགས་པའི་ཉོན་མོངས་པས་ཀུན་ནས་དཀྲིས་པ་སྣ་ཚོགས་ཀྱིས་སེམས་དཀྲིས་པ་དག་དང༌། གང་དག་ལྟ་བ་ངན་པ་རྣམ་པ་སྣ་ཚོགས་གཟིང་གཟིང་བར་གྱུར་པ་དེ་ཐམས་ཅད་ཀྱང་སྡུག་བསྔལ་གྱི་རྒྱུ་ཡིན་པས་གད་ཀ་ན་འདུག་པ་བཞིན་དུ་ཤིན་ཏུ་སྡུག་བསྔལ་ཁོ་ན་ཡིན་ནོ། །ལྷ་རྣམས་ཀྱང་ཐམས་ཅད་འགྱུར་བའི་སྡུག་བསྔལ་ཉིད་ཀྱིས་སྡུག་བསྔལ་བ་དག་སྟེ། འདོད་པ་ན་སྤྱོད་པའི་ལྷ་གང་དག་ཡིན་པ་དེ་དག་ནི་རྟག་ཏུ་འཆི་འཕོ་བ་དང་ལྟུང་བ་ལ་སོགས་པའི་འཇིགས་པའི་མྱ་ངན་གྱིས་སེམས་ལ་གནོད་ན་ཇི་ལྟར་བདེ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ནི་ལས་དང་ཉོན་མོངས་པའི་མཚན་ཉིད་ཀྱི་རྒྱུའི་གཞན་གྱི་དབང་གི་ངོ་བོ་ཉིད་དང༌། སྐད་ཅིག་རེ་རེ་ལ་འཇིག་པའི་ངང་ཅན་གྱི་མཚན་ཉིད་དེ། འགྲོ་བ་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །དེ་བས་ན་འགྲོ་བ་མཐའ་དག་ནི་སྡུག་བསྔལ་གྱི་མེ་ལྕེ་འབར་བའི་ནང་དུ་ཞུགས་པ་ཡིན་པར་བལྟས་ལ། ཇི་ལྟར་བདག་སྡུག་བསྔལ་མི་འདོད་པ་ལྟར་གཞན་ཐམས་ཅད་ཀྱང་དེ་དང་འདྲའོ་སྙམ་དུ་བསམ་ཞིང༌། ཀྱེ་མ་ཀྱི་ཧུད་བདག་ལ་སྡུག་པའི་སེམས་ཅན་འདི་དག་སྡུག་བསྔལ་ན་སྡུག་བསྔལ་དེ་ལས་ཇི་ལྟར་ཐར་བར་བྱ་ཞེས་བདག་ཉིད་སྡུག་བསྔལ་བ་བཞིན་དུ་བྱེད་ཅིང་དེ་དང་བྲལ་བར་འདོད་པའི་རྣམ་པའི་སྙིང་རྗེ་དེས་ཏིང་ངེ་འཛིན་ལ་འདུག་ཀྱང་རུང༑ སྤྱོད་ལམ་ཐམས་ཅད་དུ་ཡང་རུང་སྟེ། དུས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱ་སྟེ། ཐོག་མ་ཁོ་ནར་མཛའ་བཤེས་ཀྱི་ཕྱོགས་རྣམས་ལ་ཇི་སྐད་སྨོས་པའི་སྡུག་བསྔལ་སྣ་ཚོགས་ཉམས་སུ་མྱོང་བར་མཐོང་བས་བསྒོམ་པར་བྱའོ། །

            དེ་ནས་སེམས་ཅན་མཉམ་པ་ཉིད་ཀྱིས་བྱེ་བྲག མེད་པར་མཐོང་ནས་སེམས་ཅན་ཐམས་ཅད་ནི་བདག་གི་གཉེན་དུ་གྱུར་པ་ཁོ་ནའོ་སྙམ་དུ་ཡོངས་སུ་བསམ་ཞིང་པར་མའི་ཕྱོགས་རྣམས་ལ་བསྒོམ་པར་བྱའོ། །གང་གི་ཚེ་དེ་ལ་མཛའ་བཤེས་ཀྱི་ཕྱོགས་བཞིན་དུ་སྙིང་རྗེ་དེ་མཉམ་པར་ཞུགས་པར་གྱུར་པ་དེའི་ཚེ་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ལ་བསྒོམ་པར་བྱའོ། །གང་གི་ཚེ་བུ་ཆུང་ངུ་སྙིང་དུ་སྡུག་པ་སྡུག་བསྔལ་བར་གྱུར་པའི་མ་བཞིན་དུ་བདག་ཉིད་ཀྱིས་ཤིན་ཏུ་སྡུག་བསྔལ་བ་ལས་འདོན་པར་འདོད་པའི་རྣམ་པ་རང་གི་ངང་གིས་འཇུག་པའི་སྙིང་རྗེ་དེ་སེམས་ཅན་ཐམས་ཅད་ལ་མཉམ་པར་ཞུགས་པར་གྱུར་པ་དེའི་ཚེ་རྫོགས་པ་ཞེས་བྱ་སྟེ། སྙིང་རྗེ་ཆེན་ པོའི་མིང་ཡང་འཐོབ་པོ། །

            བྱམས་པ་བསྒོམ་པ་ནི་མཛའ་བཤེས་ཀྱི་ཕྱོགས་ལ་ཐོག་མར་བྱས་ནས་བདེ་བ་དང་ཕྲད་པར་འདོད་པའི་རྣམ་པ་སྟེ། རིམ་གྱིས་ཐ་མལ་པ་དང་དགྲ་ལ་ཡང་བསྒོམ་པར་བྱའོ། །དེ་ལྟར་དེ་སྙིང་རྗེ་གོམས་པར་བྱས་ནས། རིམ་གྱིས་སེམས་ཅན་མཐའ་དག་མངོན་པར་འདོན་པར་འདོད་པ་རང་གི་ངང་གིས་འབྱུང་བ་ཉིད་དུ་འགྱུར་རོ། །

            དེས་ན་རྩ་བའི་སྙིང་རྗེ་གོམས་པར་བྱས་ནས་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །བྱང་ཆུབ་ཀྱི་སེམས་དེ་ནི་རྣམ་པ་གཉིས་ཏེ། ཀུན་རྫོབ་དང༌། དོན་དམ་པའོ། །དེ་ལ་ཀུན་རྫོབ་པ་ནི་སྙིང་རྗེས་སེམས་ཅན་མཐའ་དག་མངོན་པར་འདོན་པར་དམ་བཅས་ནས་འགྲོ་བ་ལ་ཕན་གདགས་པའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་སྙམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་རྣམ་པས་སེམས་དང་པོ་བསྐྱེད་པའོ། །དེ་ཡང་ཚུལ་ཁྲིམས་ཀྱི་ལེའུ་ལས་བསྟན་པའི་ཆོ་ག་བཞིན་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ་མཁས་པ་ཕ་རོལ་པོ་ལས་སེམས་བསྐྱེད་པར་བྱའོ། །

            དེ་ལྟར་ཀུན་རྫོབ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཕྱིར་འབད་པར་བྱའོ། །དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པོ་སྤྲོས་པ་མཐའ་དག་དང་བྲལ་བ། ཤིན་ཏུ་གསལ་བ། དོན་དམ་པའི་སྤྱོད་ཡུལ། དྲི་མ་མེད་པ། མི་གཡོ་བ། རླུང་མེད་པའི་མར་མེའི་རྒྱུན་ལྟར་མི་གཡོ་བའོ། །དེ་འགྲུབ་པ་ནི་རྟག་ཏུ་གུས་པར་ཡུན་རིང་དུ་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་གོམས་པར་བྱས་པ་ལས་འགྱུར་ཏེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ལས་ཇི་སྐད་དུ། བྱམས་པ་གང་ཡང་ཉན་ཐོས་རྣམས་ཀྱི་འམ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འམ། དེ་བཞིན་གཤེགས་པ་རྣམས་ཀྱི་དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །དེ་གཉིས་ཀྱིས་ཏིང་ངེ་འཛིན་ཐམས་ཅད་བསྡུས་པའི་ཕྱིར་རྣལ་འབྱོར་པ་ཐམས་ཅད་ཀྱིས་དུས་ཐམས་ཅད་དུ་ངེས་པར་ཞི་གནས་དང་ལྷག་མཐོང་བསྟེན་པར་བྱ་སྟེ། འཕགས་པ་དགོངས་པ་ངེས་པར་འགྲེལ་པ་དེ་ཉིད་ལས་བཅོམ་ལྡན་འདས་ ཀྱིས་ཇི་སྐད་དུ་ངས་ཉན་ཐོས་རྣམས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཏིང་ངེ་འཛིན་རྣམ་པ་དུ་མ་བསྟན་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཞི་གནས་དང་ལྷག་མཐོང་གིས་བསྡུས་པར་རིག་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །

            Tuesday, 21 October 2014

            ལམ་ཇི་ལྟ་བུ་ཞིག་གིས་འཁོར་བ་ལས་ལྡོག་པ། གཉིས་པ།

            གཉིས་པ་ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་དངོས་བཤད་པ།
            • རྟེན་ཇི་ལྟ་བུ་ཞིག་གིས་འཁོར་བ་ལས་ལྡོག་པ། 
            • ལམ་ཇི་ལྟ་བུ་ཞིག་གིས་འཁོར་བ་ལས་ལྡོག་པ། 
            འདིར་ཚུལ་ཁྲིམས་ཀྱི་བསླབ་པ་རྩལ་དུ་བཏོན་ནས་འཆད་པའི་ཕྱག་བཞས་ཡོད།
            1. ལུང་ཆོས་ལ་ཐོས་བསམ་བྱས་ན་ལུང་གི་བསྟན་པ་འཛིན་པ་དང་།
            2. ཁས་བླངས་པའི་ཚུལ་ཁྲིམས་རྣམ་དག་བསྲུང་ན་རྟོགས་པའི་བསྟན་པ་འཛིན་པ་ཡིན།
            ཉིན་མཚན་དུས་དྲུག་ཏུ་དུས་གསུམ་གྱི་སངས་རྒྱས་ལ་མཆོད་པ་ཕུལ་བ་ལས་སྙིགས་དུས་འདིར་ཚུལ་ཁྲིམས་བསྲུང་བ་ཕན་ཡོན་ཆེ་བ།
            _________________________________________________________

            Monday, 20 October 2014

            སེམས་བསྐྱེད་སྐོར་གྱི་རྩོད་པ།

            ཐེག་ཆེན་སེམས་བསྐྱེད་ལ་རྒྱུ་བཞི་སྟོབས་བཞི་རྐྱེན་བཞི་ཡོད་པ་ནས་གཙོ་བོའི་རྒྱུ་ལ་རྟགས་དཔྱད་བྱེད་པ།
            • ཐེག་ཆེན་སེམས་བསྐྱེད་ཀྱི་གཙོ་བོའི་རྒྱུ་བྱེ་བྲག་ཏུ་བསྟན་པ།
              • རྗེ་བཙུན་བྱམས་པ་ནས་འཕགས་པ་ཐོགས་མེད་ལ་བརྒྱུད་པའི་ལུགས་ཀྱི་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བསྐྱེད་ཚུལ།
                • སེམས་ཅན་ཐམས་ཅད་མར་ཤེས་པ།
                • དྲིན་དྲན་པ།
                • དྲིན་གཟོ་བ།
                • ཡིད་འོང་གི་བྱམས་པ།
                • སྙིང་རྗེ།
                • ལྷག་བསམ།
                • རྒྱུ་དྲུག་པོ་དེ་ལ་བརྟེན་ནས། འབྲས་བུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད།
              • རྗེ་བཙུན་འཇམ་དབྱངས་ནས་འཕགས་པ་ཀླུ་སྒྲུབ་དང་ཞི་བ་ལྷ་སོགས་ལ་བརྒྱུད་པའི་ལུགས། བདག་གཞན་མཉམ་བརྗེའི་བྱང་ཆུབ་གྱི་སེམས་བསྐྱེད་ཚུལ།

            Sunday, 19 October 2014

            སློབ་དཔོན་ཡེ་ཤེས་ཞབས་ཀྱི་གཞུང་ནས་ཇི་ལྟར་བཤད་པ། དེ་སྒྲུབ་པའི་ཐབས་དང་ཤེས་རབ་ནི་དེ་དང་མཐུན་པ་ཡིན་དགོས།

            མཉམ་མེད་ཙོང་ཁ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ལས་རྒྱུད་སྡེ་འོག་མ་གསུམ་གྱི་ས་བཅད་ལས།

            ལེའུ་དང་པོ་བསྟན་པ་ལ་འཇུག་པ་མི་འདྲ་བའི་སྒོ་སྤྱིར་བསྟན་པ།
            རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་བཤད་པ།
            - རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ།
            + ཐེག་པ་སྤྱིའི་དབྱེ་བ།
            • ཇི་ལྟར་དབྱེ་བའི་སྒོ།
            • གང་གིས་འབྱེད་པའི་རྒྱུ་མཚན།
            • ཕྱེ་བ་སོ་སོའི་རང་བཞིན།
              • ཐེག་པ་དམན་པའི་རྣམ་གཞག
              • ཐེག་པ་ཆེན་པོའི་རྣམ་གཞག
            • ཐམས་ཅད་ཀྱང་མཐར་འཚང་རྒྱ་བའི་ཡན་ལག་ཏུ་བསྟན་པ།
              + ཐེག་པ་ཆེན་པོའི་དབྱེ་བ།
              ༡། ཐེག་པ་ཆེན་པོ་གཉིས་སུ་དབྱེ་བ།
              ཀ། ཇི་ལྟར་དུ་ཕྱེ་བའི་གྲངས།
              ཁ། ཕྱེ་བ་སོ་སོའི་དོན།
              ག དེ་ལྟར་དུ་འབྱེད་པའི་རྒྱུ་མཚན།
              ༡ རྟོགས་ལྡན་ལ་སྐྱེ་བའི་དོགས་པའི་གནས་དགོད་པ།
              ༢ དེ་ལ་ལན་གདབ་པ།
              ༡-----གཞན་གྱིས་བརྟགས་པའི་མཐའ་དགག་པ།
              ༢-----ལེགས་པར་གནས་པའི་ཕྱོགས་གཞག་པ་ནི།
              ཀ། ཐེག་ཆན་གཉིས་སུ་འབྱེད་པའི་རྒྱུ་མཚན་དངོས།
              • དངོས་ཀྱི་དོན་བསྟན་པ།
              • དེའི་ཁུངས་དགོས་པ།
              • དེ་ལ་རྩོད་པ་སྤང་བ།
                ཁ། ལམ་ལ་ཁྱད་པར་ཡོད་ཀྱང་འབྲས་བུ་ལ་མཆོག་དམན་མེད་པར་བསྟན་པ།
                  ༢། རྡོ་རྗེ་ཐེག་པ་ལ་འཇུག་པའི་རྣམ་དབྱེ་བྱེ་བྲག་ཏུ་བཤད་པ།
                  - དེ་ལ་འཇུག་པའི་རིམ་པ་མི་འདྲ་བའི་སྒོ་ནས་བསྟན་པ།
                  མཉམ་མེད་ཙོང་པ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ཤོག་གྲངས་ ༢༧ ནས།

                  དྲི་བ་དྲི་ལེན།




                  ༄༅། །མ་རིག་བསྒྲིབས་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག། །མངོན་པར་འདུ་བྱེད་གང་ཡིན་པའི། །ལས་དེ་དག་གིས་འགྲོ་བར་འགྲོ། །འདུ་བྱེད་རྐྱེན་ཅན་རྣམ་པར་ཤེས། །འགྲོ་བ་རྣམས་སུ་འཇུག་པར་འགྱུར། །རྣམ་པར་ཤེས་པ་ཞུགས་གྱུར་ན། །མིང་དང་གཟུགས་ནི་ཆགས་པར་འགྱུར། །མིང་དང་གཟུགས་ནི་ཆགས་གྱུར་ན། །སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར། །སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི། །རེག་པ་ཡང་དག་འབྱུང་བར་འགྱུར། །མིང་དང་གཟུགས་དང་དྲན་བྱེད་ལ། །བརྟེན་ནས་སྐྱེ་བ་ཁོ་ན་སྟེ། །དེ་ལྟར་མིང་དང་གཟུགས་བརྟེན་ནས། །རྣམ་པརཤེས་པ་སྐྱེ་བར་འགྱུར། ཞེས་སོགས་གསུངས་པའི་སྐོར།



                  Friday, 17 October 2014

                  སེམས་བསྐྱེད་ཀྱི་མཚམས་སོ་སོར་བཤད་པ་དང་། ལམ་ཀུན་བསྡུས་པ།

                  སེམས་བསྐྱེད་ཀྱི་མཚམས་སོ་སོར་བཤད་པ།
                  • བྱང་སེམས་ལས་དང་པོ་བའི་སས་བསྡུས་པ། 
                    • ས་ལྟ་བུ།      ------------------->   ཐེག་ཆེན་ཐོགས་ལམ་ཆུང་ངུ་།
                    • གསེར་བཟང་པོའི་ལྟ་བུ།   --------->    ཐེག་ཆེན་ཐོགས་ལམ་འབྲིང་།
                    • ཟླ་བ་ཚེས་པ་ལྟ་བུ།      ----------->    ཐེག་ཆེན་ཐོགས་ལམ་ཆེན་པོ།
                  • ས་དང་པོ་ལ་འཇུག་པའི་ལམ།
                    • གཏེར་ལྟ་བུ།      ----------->    ཐེག་ཆེན་སྦྱོར་ལམ།
                  • ས་བཅུ།
                    • རིན་པོ་ཆེའི་འབྱུང་ཁུངས་གནས་ལྟ་བུ།   ------>    ས་དང་པོ། རབ་ཏུ་དགའ་བ།
                    • རྒྱ་མཚོ་ཆེན་པོ་ལྟ་བུ།      ----------------->    ས་གཉིས་པ་ དྲི་མ་མེད་པ།
                    • རྡོ་རྗེ་ལྟ་བུ།      ------------------------->    ས་གསུམ་པ་ འོད་བྱེད་པ།
                    • རིའི་རྒྱལ་པོ་ལྟ་བུ།      -------------------->    ས་བཞི་པ་ འོད་འཕྲོ་བ།
                    • སྨན་ལྟ་བུ།      -------------------------->    ས་ལྔ་པ་ སྦྱངས་དཀའ་བ།
                    • བཤེས་གཉེན་ལྟ་བུ།      ------------------>    ས་དྲུག་པ་ མངོན་དུ་ཕྱོགས་པ།
                    • ཡིད་བཞིན་ནོར་བུ་ལྟ་བུ།      --------------->    ས་བདུན་པ་ རིང་དུ་སོང་བ།
                    • ཉི་མ་ལྟ་བུ།      -------------------------->    ས་བརྒྱད་པ་ མི་གཡོ་བ།
                    • གླུ་དབྱངས་ལྟ་བུ།      --------------------->    ས་དགུ་པ་ ལེགས་པའི་བློ་གྲོས།
                  • ཁྱད་པར་གྱི་ལམ། མངོན་ཤེས་དྲུག་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ལྔ་།
                    • རྒྱལ་པོ་ལྟ་བུ།     ------------->    ས་བཅུ་པ་དག་ས་ཁྱད་པར་ཅན་གསུམ་ཅི་རིགས་པ།
                    • བང་མཛོད་ལྟ་བུ།     ---------->         =
                    • ལམ་པོ་ཆེ་ལྟ་བུ།     ----------->         =
                    • བཞོན་པ་ལྟ་བུ།     ------------>         =
                    • བཀོད་མའི་ཆུ་ལྟ་བུ།    -------->          =

                  ལམ་ཀུན་བསྡུས་པ།
                  སེམས་བསྐྱེད་པའི་རབ་ཏུ་དབྱེ་བ་ནི་ཆོས་ཅན། བྱང་སེམས་ལས་དང་པོ་པའི་ས་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་ཡིན་ཏེ། ཚུལ་དེ་གོང་དུ་བཤད་པ་དེ་ལྟར་ཡིན་པའི་ཕྱིར།
                  _________________________________________________

                  Thursday, 16 October 2014

                  ལམ་ཇི་ལྟ་བུ་ཞིག་གིས་འཁོར་བ་ལས་ལྡོག་པ།

                  གཉིས་པ་ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་དངོས་བཤད་པ།
                  • རྟེན་ཇི་ལྟ་བུ་ཞིག་གིས་འཁོར་བ་ལས་ལྡོག་པ། 
                  འཁོར་བ་ལས་ཐར་འདོད་ཀྱི་བློ་བཅོས་མིན་སྐྱེས་སྟེ། རྟེན་ནི་དལ་འབྱོར་ཚང་ཞིང་། ཚངས་སྤྱོད་བསླབ་གསུམ་ལྡན་པའི་དལ་འབྱོར་གྱི་མི་ལུས་ཐོབ་པའི་དུས་འདིར་འཁོར་བ་ལས་བཟློག་དགོས། པོ་ཏོ་བས།
                  སྔར་དེ་ཙམ་ཞིག་འཁྱམས་པ་ལ་རང་ལོག་མ་བྱུང་ཙ་ན་ད་ཡང་རང་ལོག་མི་འོང་བས་བཟློག་དགོས་ཟློག་པའི་དུས་ཀྱང་ད་རེས་དལ་འབྱོར་ཐོབ་པའི་དུས་འདིར་ཡིན།། །།
                  • ལམ་ཇི་ལྟ་བུ་ཞིག་གིས་འཁོར་བ་ལས་ལྡོག་པ། 
                  འཁོར་བའི་རྩ་བ་དེ་ཁོ་ན་ཉིས་ལ་རྨོངས་པའི་མ་རིག་པ་ངར་འཛིན་ལྷན་སྐྱེས་རྩ་བ་ནས་གཅོད་དགོས། དེ་མ་བཅད་ན་གཉེན་པོ་གཞན་གྱིས་ཉོན་མོངས་པ་རེ་ཞིག་འགྲིད་ཀྱང་གཏན་དུ་མི་ཟད་པའི་ཕྱིར། དེས་ན་ངར་འཛིན་ལྷན་སྐྱེས་དང་འཛིན་སྟངས་དངོས་འགལ་དུ་སོང་བའི་བློ་ཞིག་གིས་ལྡོག་ནུས། དེ་ཡང་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ང་རང་བཞིན་མེད་པར་རྟོགས་པས། ལྷག་པ་ཤེས་རབ་ཀྱི་བསླབ་པ་དགོས། བདག་མེད་རྟོགས་པའི་ཤེས་རབ་་རྒྱུད་ལ་བསྐྱེད་པ་ལ་ལྷག་པ་ཏིང་ངེ་འཛིན་གྱི་བསླག་པ་དགོས། དེ་ལ་ཡང་སེམས་ཕྱི་རོལ་གྱི་གྱེང་བ་རགས་པ་དང་བྲལ་བྱེད་ལྷག་པ་ཚུལ་ཁྲིམས་ཀྱི་བསླབས་པ་དགོས།
                  སྐྱེས་བུ་འབྲིང་གི་ཉམས་སུ་བླང་བྱ་ནི། ལྷག་པའི་བསླབ་པ་གསུམ་ཡིན་པས། སྐྱེས་བུ་ཆེན་པོའི་ཆོས་སྐོར་མི་འཁྲིད་ན་སྐབས་འདིར་བསླབ་པ་གསུམ་ཀ་འཆད་དགོས། འོན་ཀྱང་། སྐྱེ་བུ་འབྲིང་དང་ཐུང་མོང་བའི་ལམ་ལ་འཁྲིད་པ་ལས། འབྲིང་གི་ལམ་དངོས་ལ་འཁྲིད་པ་མིན་པས། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་གཉིས་སྐྱེས་བུ་ཆེན་པོའི་ཞི་ལྷག་གི་སྐབས་སུ་འཆད་པས། འདིར་ཚུལ་ཁྲིམས་ཀྱི་བསླབ་པ་རྩལ་དུ་བཏོན་ནས་འཆད་པའི་ཕྱག་བཞས་ཡོད།
                  _________________________________________________________

                  Wednesday, 15 October 2014

                  སེམས་བསྐྱེད་ཉེར་གཉིས་དཔེ་གྲོགས་ཆོས་མཐུན་གྱི་སྒོ་ནས་དབྱེ་བ། གཉིས་པ།

                  རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་རྒྱས་པར་བཤད་པ།

                  ༡། མཚམས་སྦྱར་བ།
                        སེམས་བསྐྱེད་ལ་སོགས་པ་ཆོས་བཅུའི་ཡུལ་ཅན་མཚོན་པའི་ཕྱིར་དུ་བསྟན།
                  ༢། ཆོས་བཅུ་རྒྱས་པར་བཤད་པ། རྣམ་མཁྱེན་ཐོབ་པའི་ཆེད་དུ་་་
                        ༄ དམ་བཅས་པའི་བསམ་པ་དམ་བཅའ་བཤད་པ།
                             སྤྱི་དོན།
                             ཡན་ལག་གི་དོན།
                                 དཀྱུས་མ་མཚན་ཉིད་དམིགས་པ་དང་བཅས་པ།
                                 འཕྲོས་དོན་དབྱེ་བ་བཤད་པ།
                                        མཚམས་སྦྱར། སེམས་བསྐྱེད་པ་དམིགས་པ་དང་། རང་གི་ངོ་བོ་དང་བཅས་པ་བརྗོད་ན། ད་ནི་སེམས་བསྐྱེད་པ་དེའི་རབ་ཏུ་དབྱེ་བ་རྣམ་པ་ཉི་ཤུ་རྩ་གཉིས་ལུས་རྣམ་བཞག་གི་དཀྱུས་དོན་མ་ཡིན་པར་འཕྲོས་དོན་ཚིགས་བཅས་དུ་བསྡེབས་ནས་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་ཀྱིས་འཆད་པ།
                                        རྩ་བ། །དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་བརྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ།
                                        འགྲེལ་པ། དཔེ་གྲོགས་ཆོས་མཐུན་གྱི་སྒོ་ནས་དབྱེ་བ། ༼བཀོད་རིས་འདིར་གནོན་ནས་གཟིགས་རོགས་གནང་།༽
                        ༄ དམ་བཅའི་དོན་སྒྲུབ་པའི་ཐབས་སྟོན་པའི་གདམས་ངག་བཤད་པ།
                        ༄ གདམས་དོན་ཇི་ལྟར་སྒྲུབ་པའི་སྒྲུབ་པ་བཤད་པ།
                  ༣། སྐབས་བསྡུ་བའོ།
                  རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་ཤོག་གྲངས་ ༩༣ ནས ༩༤ བར།

                  Tuesday, 14 October 2014

                  རྟེན་འབྲེལ་ཚར་གཅིག་གིས་དབང་དུ་བྱས་པའི་ཡན་ལག་རྣམས་ཚེ་གཉིས་སམ་ཚེ་གསུམ་དང་། རྟེན་ཇི་ལྟ་བུ་ཞིག་གིས་འཁོར་བ་ལས་ལྡོག་པ།

                  རྟེན་འབྲེལ་ཡན་ལག་བཅུ་གཉིས་ཡན་ལག་བཞིར་བསྡུ་ཚུལ་ནི།
                  རྒྱུ་དུས་ཀྱི་རྟེན་འབྲེལ་དྲུག
                  འཕེན་བྱེད་ཀྱི་ཡན་ལག
                  འགྲུབ་བྱེད་ཀྱི་ཡན་ལག
                  མ་རིག་པ།
                  སྲེད་པ།
                  འདུ་བྱེད།
                  ལེན་པ།
                  རྒྱུ་དུས་ཀྱི་རྣམ་ཤེས།
                  སྲིད་པ།
                  འབྲས་དུས་ཀྱི་རྟེན་འབྲེལ་དྲུག
                  འཕངས་པའི་འབྲས་བུའི་ཡན་ལག
                  མངོན་པར་གྲུབ་པའི་འབྲས་བུའི་ཡན་ལག
                  འབྲས་དུས་ཀྱི་རྣམ་ཤེས།
                  སྐྱེ་བ།
                  མིང་གཟུགས་ཅི་རིག་པ།
                  རྒ་ཤི།
                  སྐྱེ་མཆེད།

                  རེག་པ།

                  ཚོར་བ།

                  རྟེན་འབྲེལ་ཚར་གཅིག་གི་དབང་དུ་བྱས་པའི་ཡན་ལག་བཅུ་གཉིས་ཚེ་གཉིས་ལ་རྫོགས་ཚུལ།
                  • ཚེ་འདིར་རྫོགས་པ་རྒྱུ་དུས་ཀྱི་རྟེན་འབྲེལ་ནི། འཕན་བྱེད་གསུམ་དང་། འགྲུབ་བྱེད་གསུམ།
                  • སྐྱེ་བ་ཕྱི་མ་ལ་རྫོགས་པ་འབྲས་དུས་ཀྱི་རྟེན་འབྲེལ་ནི། འཕངས་འབྲས་བཞི་དང་། འགྲུབ་འབྲས་གཉིས།
                  རྟེན་འབྲེལ་ཚར་གཅིག་གི་དབང་དུ་བྱས་པའི་ཡན་ལག་བཅུ་གཉིས་ཚེ་གསུམ་ལ་རྫོགས་ཚུལ།
                  • ཚེ་འདིར་རྫོགས་པ་རྒྱུ་དུས་ཀྱི་རྟེན་འབྲེལ་ནི། འཕན་བྱེད་གསུམ་དང་། 
                  • ཚེ་ཕྱི་མ་ལ། འགྲུབ་བྱེད་གསུམ།
                  • སྐྱེ་བ་གཞན་ལ་རྫོགས་པ་འབྲས་དུས་ཀྱི་རྟེན་འབྲེལ་ནི། འཕངས་འབྲས་བཞི་དང་། འགྲུབ་འབྲས་གཉིས།
                  མགོན་པོ་ཀླུ་སྒྲུབ་ཀྱིས།
                  གསུམ་པོ་དག་ལས་གཉིས་འབྱུང་སྟེ། །
                  གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །
                  གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །
                  ཉིད་ནི་ཡང་དང་ཡང་དུ་འཁོར། །
                  དང་དེ་ཉིད་ལས།
                  དང་པོབརྒྱད་པདགུ་ཉོན་མོངས། །
                  གཉིས་པབཅུ་པ་ལས་ཡིན་ཏེ། །
                  ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །
                  · ཉོན་མོངས་ཡིན་པ་གསུམ་ ༼དང་པོ་མ་རིག་པ་དང་། བརྒྱད་པ་སྲེད་པ། དགུ་པ་ལེན་པ།༽ལས། ----> ལས་ཡིན་པ་གཉིས་ ༼གཉིས་པ་འདུ་བྱེད་དང་། བཅུ་པ་སྲིད་པ།༽འབྱུང་།
                  · ལས་ཡིན་པ་གཉིས་ ༼གཉིས་པ་འདུ་བྱེད་དང་། བཅུ་པ་སྲིད་པ།༽ལས། ----> སྡུག་བསྔལ་ཡིན་པ་བདུན་ ༼གསུམ་པ་རྣམ་ཤེས། བཞི་པ་མིང་གཟུགས་ཅི་རིག་པ། ལྔ་པ་སྐྱེ་མཆེད། དྲུག་པ་རེག་པ། བདུན་པ་ཚོར་བ། བཅུ་གཅིག་པ་སྐྱེ་བ། བཅུ་གཉིས་པ་རྒ་ཤི།འབྱུང་།
                  · སྡུག་བསྔལ་ཡིན་པ་བདུན་༼གསུམ་པ་རྣམ་ཤེས། བཞི་པ་མིང་གཟུགས་ཅི་རིག་པ། ལྔ་པ་སྐྱེ་མཆེད། དྲུག་པ་རེག་པ། བདུན་པ་ཚོར་བ། བཅུ་གཅིག་པ་སྐྱེ་བ། བཅུ་གཉིས་པ་རྒ་ཤི།༽ལས། ----> ཉོན་མོངས་ཡིན་པ་གསུམ་ ༼དང་པོ་མ་རིག་པ་དང་། བརྒྱད་པ་སྲེད་པ། དགུ་པ་ལེན་པ།༽འབྱུང་།
                  _________________________________________________________
                  གཉིས་པ་ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབ་པ་དངོས་བཤད་པ།
                  • རྟེན་ཇི་ལྟ་བུ་ཞིག་གིས་འཁོར་བ་ལས་ལྡོག་པ། འཁོར་བ་ལས་ཐར་འདོད་ཀྱི་བློ་བཅོས་མིན་སྐྱེས་སྟེ། རྟེན་ནི་དལ་འབྱོར་ཚང་ཞིང་། ཚངས་སྤྱོད་བསླབ་གསུམ་ལྡན་པའི་དལ་འབྱོར་གྱི་མི་ལུས་ཐོབ་པའི་དུས་འདིར་འཁོར་བ་ལས་བཟློག་དགོས། པོ་ཏོ་བས།
                  སྔར་དེ་ཙམ་ཞིག་འཁྱམས་པ་ལ་རང་ལོག་མ་བྱུང་ཙ་ན་ད་ཡང་རང་ལོག་མི་འོང་བས་བཟློག་དགོས་ཟློག་པའི་དུས་ཀྱང་ད་རེས་དལ་འབྱོར་ཐོབ་པའི་དུས་འདིར་ཡིན།། །།
                  • ལམ་ཇི་ལྟ་བུ་ཞིག་གིས་འཁོར་བ་ལས་ལྡོག་པ།
                  _________________________________________________________

                  Monday, 13 October 2014

                  སེམས་བསྐྱེད་ཉེར་གཉིས་དཔེ་གྲོགས་ཆོས་མཐུན་གྱི་སྒོ་ནས་དབྱེ་བ།

                  རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་རྒྱས་པར་བཤད་པ།

                  ༡། མཚམས་སྦྱར་བ།
                        སེམས་བསྐྱེད་ལ་སོགས་པ་ཆོས་བཅུའི་ཡུལ་ཅན་མཚོན་པའི་ཕྱིར་དུ་བསྟན།
                  ༢། ཆོས་བཅུ་རྒྱས་པར་བཤད་པ། རྣམ་མཁྱེན་ཐོབ་པའི་ཆེད་དུ་་་
                        ༄ དམ་བཅས་པའི་བསམ་པ་དམ་བཅའ་བཤད་པ།
                             སྤྱི་དོན།
                             ཡན་ལག་གི་དོན།
                                 དཀྱུས་མ་མཚན་ཉིད་དམིགས་པ་དང་བཅས་པ།
                                 འཕྲོས་དོན་དབྱེ་བ་བཤད་པ།
                                        མཚམས་སྦྱར། སེམས་བསྐྱེད་པ་དམིགས་པ་དང་། རང་གི་ངོ་བོ་དང་བཅས་པ་བརྗོད་ན། ད་ནི་སེམས་བསྐྱེད་པ་དེའི་རབ་ཏུ་དབྱེ་བ་རྣམ་པ་ཉི་ཤུ་རྩ་གཉིས་ལུས་རྣམ་བཞག་གི་དཀྱུས་དོན་མ་ཡིན་པར་འཕྲོས་དོན་ཚིགས་བཅས་དུ་བསྡེབས་ནས་བར་སྐབས་ཀྱི་ཚིགས་སུ་བཅད་པ་གཉིས་ཀྱིས་འཆད་པ།
                                        རྩ་བ། །དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་བརྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ།
                                        འགྲེལ་པ། དཔེ་གྲོགས་ཆོས་མཐུན་གྱི་སྒོ་ནས་དབྱེ་བ། ༼བཀོད་རིས་དེ་ནས་གཟིགས་རོགས་གནང་།༽
                        ༄ དམ་བཅའི་དོན་སྒྲུབ་པའི་ཐབས་སྟོན་པའི་གདམས་ངག་བཤད་པ།
                        ༄ གདམས་དོན་ཇི་ལྟར་སྒྲུབ་པའི་སྒྲུབ་པ་བཤད་པ།
                  ༣། སྐབས་བསྡུ་བའོ།
                  རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་ཤོག་གྲངས་ ༩༡ ནས ༩༣ བར།

                  Sunday, 12 October 2014

                  སློབ་དཔོན་ཡེ་ཤེས་ཞབས་ཀྱི་གཞུང་ནས་ཇི་ལྟར་བཤད་པ། སྟོང་ཉིད་བསྒོམས་པའི་ལག་རྗེས་དང་། ཐབས་རྒྱ་ཆེ་བའི་ལག་རྗེས།

                  མཉམ་མེད་ཙོང་ཁ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ལས་རྒྱུད་སྡེ་འོག་མ་གསུམ་གྱི་ས་བཅད་ལས།

                  ལེའུ་དང་པོ་བསྟན་པ་ལ་འཇུག་པ་མི་འདྲ་བའི་སྒོ་སྤྱིར་བསྟན་པ།
                  རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་བཤད་པ།
                  - རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ།
                  + ཐེག་པ་སྤྱིའི་དབྱེ་བ།
                  • ཇི་ལྟར་དབྱེ་བའི་སྒོ།
                  • གང་གིས་འབྱེད་པའི་རྒྱུ་མཚན།
                  • ཕྱེ་བ་སོ་སོའི་རང་བཞིན།
                    • ཐེག་པ་དམན་པའི་རྣམ་གཞག
                    • ཐེག་པ་ཆེན་པོའི་རྣམ་གཞག
                  • ཐམས་ཅད་ཀྱང་མཐར་འཚང་རྒྱ་བའི་ཡན་ལག་ཏུ་བསྟན་པ།
                    + ཐེག་པ་ཆེན་པོའི་དབྱེ་བ།
                    ༡། ཐེག་པ་ཆེན་པོ་གཉིས་སུ་དབྱེ་བ།
                    ཀ། ཇི་ལྟར་དུ་ཕྱེ་བའི་གྲངས།
                    ཁ། ཕྱེ་བ་སོ་སོའི་དོན།
                    ག དེ་ལྟར་དུ་འབྱེད་པའི་རྒྱུ་མཚན།
                    ༡ རྟོགས་ལྡན་ལ་སྐྱེ་བའི་དོགས་པའི་གནས་དགོད་པ།
                    ༢ དེ་ལ་ལན་གདབ་པ།
                    ༡-----གཞན་གྱིས་བརྟགས་པའི་མཐའ་དགག་པ།
                    ༢-----ལེགས་པར་གནས་པའི་ཕྱོགས་གཞག་པ་ནི།
                    ཀ། ཐེག་ཆན་གཉིས་སུ་འབྱེད་པའི་རྒྱུ་མཚན་དངོས།
                    • དངོས་ཀྱི་དོན་བསྟན་པ།
                    • དེའི་ཁུངས་དགོས་པ།
                    • དེ་ལ་རྩོད་པ་སྤང་བ།
                      ཁ། ལམ་ལ་ཁྱད་པར་ཡོད་ཀྱང་འབྲས་བུ་ལ་དམན་མེད་པར་བསྟན་པ།
                        ༢། རྡོ་རྗེ་ཐེག་པ་ལ་འཇུག་པའི་རྣམ་དབྱེ་བྱེ་བྲག་ཏུ་བཤད་པ།
                        - དེ་ལ་འཇུག་པའི་རིམ་པ་མི་འདྲ་བའི་སྒོ་ནས་བསྟན་པ།
                        མཉམ་མེད་ཙོང་པ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ཤོག་གྲངས་ ༢༦ ནས།

                        དྲི་བ་དྲི་ལན།


                        Saturday, 11 October 2014

                        བར་དུ་བདག་ནི་བཟློག་པ། ཞེས་པ་ལ་བརྟེན་ནས་བདག་མེད་སྒོམ་ཚུལ།

                        སློབ་དཔོན་འཕགས་པ་ལྷའིདབུ་མ་བཞི་བརྒྱ་པ་ལས་ཞེས་པའི་ལམ་རིམ།

                        བསོད་ནམས་མིན་པ་དང་པོར་བཟློག །
                        བར་དུ་བདག་ནི་བཟློག་པ་དང༌། །
                        ཕྱིས་ནས་ལྟ་བ་ཀུན་བཟློག་པ། །
                        གང་གིས་ཤེས་དེ་མཁས་པ་ཡིན། །

                        བསོད་ནམས་མིན་པ་དང་པོར་བཟློག་ནི་སྐྱེ་བུ་ཆུང་ངུའི་ལམ་གྱི་རིམ་པ། མི་དགེ་བཅུ་སྤོང་།
                        བར་དུ་བདག་ནི་བཟློག་པ་དང༌ནི་སྐྱེ་བུ་འབྲིང་གི་ལམ་གྱི་རིམ་པ། གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས།
                        ཕྱིས་ནས་ལྟ་བ་ཀུན་བཟློག་པནི་སྐྱེ་བུ་ཆེནཔོའི་ལམ་གྱི་རིམ་པ། སྟོང་ཉིད་རྟོགས་པ་དེ་བྱང་ཆུབ་སེམས་ཀྱིས་ཟིམ་པས་ཤེས་སྒྲིབ་ཟེད་པར་སྤོང་།

                        Friday, 10 October 2014

                        རྩ་ཤེས་གསུང་ཆོས་སྐོར་གྱི་དྲི་བ་དྲི་ལན།

                        རྩ་ཤེས་གསུང་ཆོས་སྐོར་གྱི་དྲི་བ་དྲི་ལན།
                        ༼དྲི་བ་རེ་རེ་ལ་གནོན་ན་དེའི་ལན་གྱི་སྒྲ་ཕབ་ལེན་གནང་ཐུབ།༽
                        དྲི་བ་མཐའ་མའི་ལན་ལ།
                        བདག་འཛིན། དཔེ། ཞར་བྱུང་།
                        རྟག་གཅིག་རང་དབང་ཅན་དུ་འཛིན་པ། རྗེ་འཁོལ་ལྟར་འཛིན་པའམ་་་
                        ལུག་དང་ལུག་རྫི་ལྟར།
                        བདག་འཛིན་རགས་པ། དེ་ལས་བྱུང་བའི་ཉོན་མོངས་རགས་པ་
                        རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འཛིན་པ། ཚོང་དཔོན་དང་ཚོང་པའམ་་་
                        དམག་དཔོན་དང་དམག་མི་ལྟར།
                        དེ་དབུ་མ་རང་རྒྱུད་པ་མན་ཆད་ཀྱིས་གང་ཟག་གི་བདག་འཛིན་ཕྲ་མོ་དང་  དེ་ལ་ལྷན་སྐྱེས་དང་ཀུན་བརྟགས་གཉིས་ཡོད་པར་འདོད།
                        བདག་རང་གིས་མཚན་ཉིད་ཀྱི་གྲུབ་པར་འཛིན་པ། ཐག་ཁྲ་སྦྲུལ་དུ་འཛིན་པ་ལྟར། བདག་རང་གིས་མཚན་ཉིད་ཀྱི་གྲུབ་པ་དང་། རང་ངོས་ནས་གྲུབ་པ། རང་བཞིན་གྱིས་གྲུབ་པ། སྣང་བ་ལྟར་གྲུབ་པ། ཐལ་གྱུར་པའི་ལུགས་ལ་དགག་བྱ་ཕྲ་མོ་དང་། དེ་ལྟར་འཛིན་པ་ནི་གང་ཟག་གི་བདག་འཛིན་ཕྲ་མོ་ཡིན།

                        Sunday, 5 October 2014

                        སློབ་དཔོན་ཡེ་ཤེས་ཞབས་ཀྱི་གཞུང་ནས་ཇི་ལྟར་བཤད་པ།

                        མཉམ་མེད་ཙོང་ཁ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ལས་རྒྱུད་སྡེ་འོག་མ་གསུམ་གྱི་ས་བཅད་ལས།

                        ལེའུ་དང་པོ་བསྟན་པ་ལ་འཇུག་པ་མི་འདྲ་བའི་སྒོ་སྤྱིར་བསྟན་པ།
                        རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་བཤད་པ།
                        - རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ།
                        + ཐེག་པ་སྤྱིའི་དབྱེ་བ།
                        • ཇི་ལྟར་དབྱེ་བའི་སྒོ།
                        • གང་གིས་འབྱེད་པའི་རྒྱུ་མཚན།
                        • ཕྱེ་བ་སོ་སོའི་རང་བཞིན།
                          • ཐེག་པ་དམན་པའི་རྣམ་གཞག
                          • ཐེག་པ་ཆེན་པོའི་རྣམ་གཞག
                        • ཐམས་ཅད་ཀྱང་མཐར་འཚང་རྒྱ་བའི་ཡན་ལག་ཏུ་བསྟན་པ།
                          + ཐེག་པ་ཆེན་པོའི་དབྱེ་བ།
                          ༡། ཐེག་པ་ཆེན་པོ་གཉིས་སུ་དབྱེ་བ།
                          ཀ། ཇི་ལྟར་དུ་ཕྱེ་བའི་གྲངས།
                          ཁ། ཕྱེ་བ་སོ་སོའི་དོན།
                          ག དེ་ལྟར་དུ་འབྱེད་པའི་རྒྱུ་མཚན།
                          ༡ རྟོགས་ལྡན་ལ་སྐྱེ་བའི་དོགས་པའི་གནས་དགོད་པ།
                          ༢ དེ་ལ་ལན་གདབ་པ།
                          ༡-----གཞན་གྱིས་བརྟགས་པའི་མཐའ་དགག་པ།
                          ༢-----ལེགས་པར་གནས་པའི་ཕྱོགས་གཞག་པ་ནི།
                          ཀ། ཐེག་ཆན་གཉིས་སུ་འབྱེད་པའི་རྒྱུ་མཚན་དངོས།
                          • དངོས་ཀྱི་དོན་བསྟན་པ།
                          • དེའི་ཁུངས་དགོས་པ།
                            • རྣལ་འབྱོར་བླ་མེད་ཀྱི་གཞུང་ནས་བཤད་པ།
                              • རྒྱུད་ནས་བཤད་པའི་ཚུལ།
                              • དགོངས་འགྲེལ་རྣམས་ཀྱིས་ཇི་ལྟར་བཤད་པ།
                                • སློབ་དཔོན་ཡེ་ཤེས་ཞབས་ཀྱི་གཞུང་ནས་ཇི་ལྟར་བཤད་པ།
                                  • སྟོང་ཉིད་རྟོགས་པའི་ཤེས་རབ་ནི། བདག་ཏུ་འཛིན་པའི་དྲི་མ་མཐའ་དག་འདག་བྱེད་པས། དག་པ་གཉིས་ལྡན་གྱི་ཆོས་ཀྱི་སྐུའི་ཐུན་མོང་མ་ཡིན་ཡང་། གཟུགས་ཀྱི་སྐུའི་ཡང་ལྷན་ཅིག་བྱེད་པའི་རྐྱེན་ཡིན།
                                  • རྒྱ་ཆེ་བའི་ཐབས་རྣམས། གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ཡང་། ཞོས་སྐུའི་ཡང་ལྷན་ཅིག་བྱེད་པའི་རྐྱེན་ཡིན།
                                • སློབ་དཔོན་གཞན་གྱིས་ཇི་ལྟར་བཤད་པ།
                              • རྒྱུད་སྡེ་ཨོག་མའི་གཞུང་ནས་བཤད་པའི་ཚུལ།
                              • དེ་ལ་རྩོད་པ་སྤང་བ།
                                ཁ། ལམ་ལ་ཁྱད་པར་ཡོད་ཀྱང་འབྲས་བུ་ལ་མཆོག་དམན་མེད་པར་བསྟན་པ།
                                  ༢། རྡོ་རྗེ་ཐེག་པ་ལ་འཇུག་པའི་རྣམ་དབྱེ་བྱེ་བྲག་ཏུ་བཤད་པ།
                                  - དེ་ལ་འཇུག་པའི་རིམ་པ་མི་འདྲ་བའི་སྒོ་ནས་བསྟན་པ།
                                  མཉམ་མེད་ཙོང་པ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ཤོག་གྲངས་ ༢༤ ནས།

                                  དྲི་བ་དྲི་ལན།
                                  1. བདེན་པ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་སྐོར།
                                  2. གསང་བདེ་འཇིག་གསུམ་ཡ་མ་བྲལ་པར་གནང་དགོས་པའི་རྒྱུ་མཚན།
                                  3. དྲི་བ་གསུམ་པ།
                                  4. སྟོན་པ་ཡེ་ཤུའི་རྗེ་འབྲང་རྣམས་ཀྱིས་སྤྱི་ཚོགས་ལ་ཕན་ཐོག་ཆེན་པོར་སྣང། ནང་པས་དེ་ཙམ་ཕན་ཐོག་བྱེད་ཐུབ་ཀྱི་མི་འདུག་བསམ། དེས་ན་ཕན་ཐོགས་སྒྲུབ་ཚུལ་གང་ལགས།
                                  5. དགོས་སོགས་ཆོས་བཞི་གང་དང་གང་ཡིན་ནམ།
                                  6. རྒྱུ་འབྲས་ངོ་བོ་ཆོས་གསུམ་ལ་བརྟེན་པའི་རྣམ་ཐར་སྒོ་གསུམ་སྐོར།
                                  7. ཆོས་ཀྱི་སྙིང་པོ་སེམས་བཟང་པོ་ཡིན་པ་དང་། སློབ་སྦྱོང་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་སྐོར།
                                  8. སྟོང་པ་ཉིད་ཀྱི་ངོ་བོ་དང་། དོན། དབྱེ་བ་གང་ཡིན་ནམ།
                                  གནད་གལ་ཆེན།
                                  1. ཐར་པ་སྒྲུབ་པའི་རིགས་པ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཆོས་ཅན། རང་གི་རིགས་རྒྱུན་ཟད་པའི་རིགས་ཡོད་ཏེ། རང་གི་རྒྱུའི་རིགས་ལ་གཉེན་པོ་སྟོབས་ལྡན་ཡོད་པའི་ཕྱིར།
                                  2. ཐམས་ཅད་མཁྱེན་པ་སྒྲུབ་པའི་རིགས་པ། བདེན་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་རིགས་པ་ཆོས་ཅན། སྒོམ་བྱེད་ཀྱི་ཡན་ལག་དང་། མ་བྲལ་བར་སྒོམ་པར་བྱས་ན་སྒོམ་བྱའི་དོན་ལ་གསལ་སྣང་ཐར་ཐུག་འབྱུང་རུང་ཡིན་ཏེ། རྟེན་བརྟེན་ཅིང་གོམས་ཟིན་འབད་བརྩོན་བསྐྱར་མ་ལ་མ་སྟོས་པའི་རང་གི་རྒྱུའི་རིགས་ལ་གཉེན་པོ་སྟོབས་ལྡན་ཡོད་པའི་ཕྱིར།