Sunday, 31 August 2014

ཐམས་ཅད་ཀྱང་མཐར་ཚང་རྒྱ་བའི་ཡན་ལག་ཏུ་བསྟན་པ།

མཉམ་མེད་ཙོང་པ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ལས་རྒྱུད་སྡེ་འོག་མ་གསུམ་གྱི་ས་བཅད་ལས།

ལེའུ་དང་པོ་བསྟན་པ་ལ་འཇུག་པ་མི་འདྲ་བའི་སྒོ་སྤྱིར་བསྟན་པ།
རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་བཤད་པ།
- རྒྱལ་བའི་བསྟན་པ་ཁོ་ན་ཐར་འདོད་ཀྱི་འཇུག་ངོགས་སུ་བསྟན་པ།
- དེ་ལ་འཇུག་པའི་རིམ་པ་མི་འདྲ་བའི་སྒོ་ནས་བསྟན་པ།

mp3 audio for August 31st, 2014

མཉམ་མེད་ཙོང་པ་པ་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་ཤོག་གྲངས་ ༡༣

Saturday, 30 August 2014

ལམ་གཙོ་རྣམ་གསུམ་གྱི་ཡང་དག་པའི་ལྟ་བ་སྒོམ་ཚུལ།

ལམ་གྱི་གཙོ་བོ་རྣམ་པ་གསུམ་ནི། ངེས་འབྱུང་། བྱང་ཆུབ་སེམས། ཡང་དཔ་པའི་ལྟ་བའི་ནང་ནས་དེ་རིང་ཡང་དག་པའི་ལྟ་བ་སྒོམ་ཚུལ་བསྟན།
༄༅། །ལམ་གཙོ་རྣམ་གསུམ་བཞུགས་སོ།།  
༄༅། །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། །སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ། །ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། །གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་། །དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས། །རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི། །སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན། །རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམ་ན་ཕྱི་མའི་སྣང་ཤས་ལྡོག །དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། །བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས། །བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད། །མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ཀྱི། །ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད། །གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་མདུན་མ་མྱུར་དུ་སྒྲུབས་ཤིག་བུ།། །།

Friday, 29 August 2014

སྨོན་པ་སེམས་བསྐྱེད་དང་འཇུག་པ་སེམས་བསྐྱེད་གཉིས་ཀྱི་སྐོར་གྱི་རྩོད་པ་འགའ་ཤས།

ཐེག་ཆེན་སེམས་བསྐྱེད་གང་ཞིག སྤྱོད་པ་ཉམས་ལེན་གྱི་བྱ་བས་མ་ཟིན་པ། སྨོན་སེམས་ཀྱི་མཚན་ཉིད་ཡིན་ཟེར་ན། སྐྱོན་ག་རེ་ཡོད་རེད།
ཀུན་རྫོབ་སེམས་བསྐྱེད་གང་ཞིག ཆོ་གས་མ་བླངས་པ་དེ། སྨོན་སེམས་ཀྱི་མཚན་ཉིད་ཡིན་དང་མིན།
འཇུག་སྡོམ་ཐོབ་ལ་མ་ཉམས་པའི་གང་ཟག་གི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་དེ་འཇུག་པ་སེམས་བསྐྱེད་ཀྱི་མཚན་ཉིད་དང་། འཇུག་སྡོམ་རྒྱུད་ལ་མི་ལྡན་པའི་གང་ཟག་གི་རྒྱུད་ཀྱི་ཀུན་རྫོབ་སེམས་བསྐྱེད་དེ་སྨོན་པ་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་དང་མིན།
མཐོང་ལམ་བར་ཆད་མེད་ལམ་ལ་གནས་པའི་སེམས་དཔའི་རྒྱུད་ལ་ཀུན་རྫོབ་སེམས་བསྐྱེད་དངོས་སུ་ཡོད་དམ་མེད།
རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་ཤོག་གྲངས་ ༨༢

Thursday, 28 August 2014

འཆི་བ་ཇི་ལྟར་འབྱུང་ཚུལ།

ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབས་པ་ལ་གཉིས།
  • ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ་ལ་གསུམ།
    • ཉོན་མོངས་པ་སྐྱེ་ཚུལ།
    • དེས་ལས་གསོག་ཚུལ།
    • འཆི་འཕོ་བ་དང་ཉིང་མཚམས་སྦྱོར་ཚུལ།
  • ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབས་པ་དངོས་ལ་གཉིས།
    • རྟེན་ཇི་ལྟ་བུ་ཞིག་གིས་འཁོར་བ་ལྡོག་པ།
    • ལམ་ཇི་ལྟ་བུ་ཞིག་གིས་འཁོར་བ་ལྡོག་པ།

Wednesday, 27 August 2014

ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་ཀྱི་སྐོར་གྱི་རྩོད་པ་གསུམ།

རང་གི་གྲོགས་སུ་གྱུར་པའི་གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་དུ་གྱུར་པའི་སེམས་ཁྱད་པར་ཅན་དེ། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་དང་མིན།
ཐེག་ཆེན་སེམས་བསྐྱེད་རྒྱུད་ལྡན་གྱི་ལམ་མ་ཞུགས་པའི་གང་ཟག་ཡོད་དང་མེད།
རང་གི་གྲོགས་སུ་གྱུར་པའི་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་འདུན་པ་དང་མཚུངས་ལྡན་དུ་བྱུང་བའི་གཙོ་བོ་རྣམ་རིགདེ། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་དང་མིན།
རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་ཤོག་གྲངས་ ༨༡

Tuesday, 26 August 2014

ཉོན་མོངས་ཀྱིས་ལས་གསོག་ཚུལ།

ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབས་པ་ལ་གཉིས།
  • ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་པ་ལ་གསུམ།
  • ཐར་པར་བགྲོད་པའི་ལམ་གྱི་རང་བཞིན་གཏན་ལ་དབབས་པ་དངོས་ལ་གཉིས།
    • རྟེན་ཇི་ལྟ་བུ་ཞིག་གིས་འཁོར་བ་ལྡོག་པ།
    • ལམ་ཇི་ལྟ་བུ་ཞིག་གིས་འཁོར་བ་ལྡོག་པ།

Sunday, 24 August 2014

སྔགས་རིན་ཆེན་མོ། ཐེག་པ་ཆེན་པོའི་རྣམ་གཞག

ཐེག་པ་ཆེན་པོའི་དབྱེ་བ་ནས་ གསུམ་པ་ཕྱེ་བ་སོ་སོའི་རང་བཞིན་ནས་ གཉིས་པ་ཐེག་པ་ཆེན་པོའི་རྣམ་གཞག

ཁ་ཅིག་ལ་ནི་ཐེག་པ་ཆེན་པོ་སྟོན། ཁ་ཅིག་ལ་ནི་ཐེག་པ་དམན་པསྟོན་པ་དེ། གཏང་སྙོམས་མེད་པ་ཉིད་དུ་མི་འགྱུར་རོ།

རྣམ་པར་རྒཡླ་བ་ཕན་ཆེན་བདེ་ལེགས་བཤད་གླིང་གྲྭ་ཚང་གཞུང་ཆེན་མཚན་ཉིད་འཛིན་རིམ་བཅུ་པ། བཅུ་གཉིས་པ། བཅུ་གསུམ་པ་བཅས་ཀྱི་སློབ་དེབ་རྗེའི་གསུང་སྔགས་རིམ་ཆེན་མོ་ལས། ཤོག་གྲངས་ ༡༡

Saturday, 23 August 2014

ལམ་གྱི་གཙོ་བོ་རྣམ་པ་གསུམ་ལ་བརྟེན་ནས་བྱང་སེམས་སྒོམ་ཚུལ།

ལམ་གྱི་གཙོ་བོ་རྣམ་པ་གསུམ་ནི། ངེས་འབྱུང་། བྱང་ཆུབ་སེམས། ཡང་དཔ་པའི་ལྟ་བའི་ནང་ནས་དེ་རིང་བྱང་ཆུབ་སེམས་སྒོམ་ཚུལ་བསྟན།

    ༄༅། །ལམ་གཙོ་རྣམ་གསུམ་བཞུགས་སོ།།  
    ༄༅། །རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་པོའི་དོན། །རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། །སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་དེ། །ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། །གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་། །དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས། །རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི། །སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན། །རྣམ་དག་ངེས་འབྱུང་མེད་པར་སྲིད་མཚོ་ཡི། །བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། །སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། །ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། །དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམ་ན་ཕྱི་མའི་སྣང་ཤས་ལྡོག །དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། །ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །ཉིན་མཚན་ཀུན་ཏུ་ཐར་པ་དོན་གཉེར་བློ། །བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། །ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། །ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། །ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། །བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། །ཤུགས་དྲག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར། །བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས། །བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད། །མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། །མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། །སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། །གནས་སྐབས་འདི་འདྲར་གྱུར་པའི་མ་རྣམས་ཀྱི། །ངང་ཚུལ་བསམས་ནས་སེམས་མཆོག་བསྐྱེད་པར་མཛོད། །གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། །ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། །སྲིད་པའི་རྩ་བ་གཅད་པར་མི་ནུས་པས། །དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། །གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས། །སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནད་རྣམས་རང་གིས་ཇི་བཞིན་རྟོགས་པའི་ཚེ། །དབེན་པ་བསྟེན་ཏེ་བརྩོན་འགྲུས་སྟོབས་བསྐྱེད་ནས། །གཏན་གྱི་མདུན་མ་མྱུར་དུ་སྒྲུབས་ཤིག་བུ།། །།

    Friday, 22 August 2014

    ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་བཤད་པ་ལས་གཉིས་པ་མཐའ་དཔྱད་པའི་ནང་གི་རྩོད་པ་གསུམ།

    ཤོག་གྲངས་ ༨༠ ནས་
    འཇུག་སེམས་དངོས་སོ་གསར་དུ་སྐྱེ་བའི་ལུས་རྟེན་ཅན་གྱི་གང་ཟག་ཡིན་ན་སོ་ཐར་གྱི་སྡོམ་སྡན་ཡིན་པས་ཁྱབ་དང་མ་ཁྱབ།
    གཟུགས་མེད་ཀྱི་རྟེན་ལ་ཐེག་ཆེན་སེམས་བསྐྱད་གསར་དུ་སྐྱེ་བ་ཡོད་དང་མེད།
    གཞན་དོན་དུ་རྫོགས་བྱང་ཐོབ་པར་འདོད་པའི་འདོད་པ་དང་མཚུངས་ལྡན་གྱི་ཐེག་པ་ཆེན་པོའི་སེམས་ཁྱད་པར་ཅན། ཐེག་ཆེན་སེམས་བསྐྱད་ཀྱི་མཚན་ཉིད་ཡིན་དང་མིན།
    ཡང་ན། རང་རྒྱུ་གཞན་དོན་དོན་གཉེར་གྱི་འདུན་པ་ལས་བྱུང་ཞིང་། རང་གི་གྲོགས་བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་དུ་བྱུང་བའི་གཙོ་བོ་ཡིད་ཀྱི་རྣམ་རིག་དེ། ཐེག་ཆེན་སེམས་བསྐྱད་ཀྱི་མཚན་ཉིད་ཡིན་དང་མིན།

    Thursday, 21 August 2014

    ཉོན་མོངས་སྐྱེ་བའི་རྒྱུ་དང་ཉོན་མོངས་པའི་ཉེས་དམིགས།

    ལམ་རིམ་རྣམ་གྲོལ་ལག་བཅངས་ལས་ དེ་རིང་
    གསུམ་པ་ཉོན་མོངས་པའི་རྒྱུ་ལ་དྲུག་ཡོད་པ་ནང་ནས་
    • རྒྱུ་ལྔ་པ་གོམས་པ་དང་
    • རྒྱུ་དྲུག་པ་ཡིད་ལ་བྱེད་པ།
    བཞི་པ་ཉོན་མོནས་པའི་ཉེས་དམིགས།
                                                                     
    Wednesday, 20 August 2014

    རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་རྒྱས་པར་བཤད་པ།

    རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ་རྒྱས་པར་བཤད་པ།
    ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་བཤད་པ་ལས་

    • ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་དང་
    • དེ་གསར་དུ་སྐྱེ་བའི་ལུས་རྟེན་ཅན་གྱི་གང་ཟག་གི་སྐོར་གྱི་རྩོད་པ།
                                                                     
      རྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་ཕར་ཕྱིན་བློ་བཟང་དགོངས་རྒྱན་གདོང་ལྔའི་དབང་པོའི་སྒྲ་དབྱངས་ལས་ཤོག་གྲངས་ ༧༨

      Tuesday, 19 August 2014

      ཉོན་མོངས་སྐྱེ་བའི་རྒྱུའི་སྐོར།

      ལམ་རིམ་རྣམ་གྲོལ་ལག་བཅངས་ལས་
      གསུམ་པ་ཉོན་མོངས་པའི་རྒྱུ་ལ་དྲུག་ཡོད་པ་ནང་ནས་ དེ་རིང་
      • རྒྱུ་གསུམ་པ་འདུ་འཛིན་དང་
      • རྒྱུ་བཞི་པ་བཞད་པ་བསྟན།
                                                                       
      Monday, 18 August 2014

      ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐབས་ནས་བསྟན་པའི་དོན་བདུན་ཅུ།

      དངོས་པོ་བརྒྱད་དང་དོན་བདུན་ཅུ།

      ༡།  སྐབས་དང་པོའི་བསྟན་དོན་གཙོ་བོ།་་་་་་་་་་་་་་་་་་་་རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      ༢། སྐབས་གཉིས་པའི་བསྟན་དོན་གཙོ་བོ།་་་་་་་་་་་་་་་་་ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག
      ༣།  སྐབས་གསུམ་པའི་བསྟན་དོན་གཙོ་བོ།་་་་་་་་་་་་་་་་་གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ
      ༤།  སྐབས་བཞི་པའི་བསྟན་དོན་གཙོ་བོ།་་་་་་་་་་་་་་་་་་་་རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག
      ༥།  སྐབས་ལྔ་པའི་བསྟན་དོན་གཙོ་བོ།་་་་་་་་་་་་་་་་་་་་་་་རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད།
      ༦།  སྐབས་དྲུག་པའི་བསྟན་དོན་གཙོ་བོ།་་་་་་་་་་་་་་་་་་་་མཐར་གྱིས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ།
      ༧།  སྐབས་བདུན་པའི་བསྟན་དོན་གཙོ་བོ།་་་་་་་་་་་་་་་་་སྐད་ཅིག་མའི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཞི།
      ༨།  སྐབས་བརྒྱད་པའི་བསྟན་དོན་གཙོ་བོ།་་་་་་་་་་་་་་་་་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི་བཅས་སོ།། །། 

      གྲངས་འདྲེན་། བཅུ་དང་བཅུ་གཅིག་དགུ་བཅུ་གཅིག བརྒྱད་དང་བཅུ་གསུམ་བཞི་དང་བཞི། 

      ༡། རྣམ་མཁྱེན་མཚོན་བྱེད་ཀྱི་ཆོས་བཅུ།
      1. ཐེག་ཆེན་སེམས་བསྐྱེད།
      2. ཐེག་ཆེན་གདམས་ངག
      3. ཐེག་ཆེན་གྱི་ངེས་བྱེད་ཡན་ལག
      4. ཐེག་ཆེན་སྒྲུབ་པའི་རྟེན་རང་བཞིན་གནས་རིགས།
      5. ཐེག་ཆེན་སྒྲུབ་པའི་དམིགས་པ།
      6. ཐེག་ཆེན་སྒྲུབ་པའི་ཆེད་དུ་བྱ་བ།
      7. གོ་སྒྲུབ།
      8. འཇུག་སྒྲུབ།
      9. ཚོགས་སྒྲུབ།
      10. ངེས་འབྱུང་སྒྲུབ་པའོ། 

      ༢། ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག
      1. ལམ་ཤེས་ཀྱི་ཡན་ལག
      2. ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས།
      3. རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས།
      4. ཕན་ཡོན་ཆེ་བའི་མཐོང་ལམ།
      5. ཐེག་ཆེན་སྒོམ་ལམ་གྱི་བྱེད་པ།
      6. མོས་པ་སྒོམ་ལམ།
      7. མོས་པ་སྒོམ་ལམ་གྱི་ཕན་ཡོན།
      8. བསྔོ་བ་སྒོམ་ལམ།
      9. རྗེས་སུ་ཡི་རང་སྒོམ་ལམ།
      10. སྒྲུབ་པ་སྒོམ་ལམ།
      11. རྣམ་དག་སྒོམ་ལམ་མོ།

      ༣། གཞི་ཤེས་མཚོན་བྱེད་ཀྱི་ཆོས་དགུ
      1. ཤེས་པས་སྲིད་ལ་མི་གནས་པའི་ལམ་ཤེས།
      2. སྙིང་རྗེས་ཞི་མཐའ་ལ་མེ་གནས་པའི་ལམ་ཤེས།
      3. འབྲས་ཡུམ་ལ་རིང་བའི་གཞི་ཤེས།
      4. འབྲས་ཡུམ་ལ་ཉེ་བའི་གཞི་ཤེས།
      5. མི་མཐུན་ཕྱོགས་ཀྱི་གཞི་ཤེས།
      6. གཉེན་པོའི་ཕྱོགས་ཀྱི་གཞི་ཤེས།
      7. གཞི་ཤེས་ཀྱི་སྦྱོར་བ།
      8. སྦྱོར་བ་དེའི་མཉམ་ཉིད།
      9. ཐེག་ཆེན་མཐོང་ལམ་མོ།

      ༤། རྣམ་རྫོགས་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གཅིག
      1. རྣམ་པ།
      2. སྦྱོར་བ།
      3. ཡོན་ཏན།
      4. སྐྱོན།
      5. མཚན་ཉིད།
      6. ཐར་པ་ཆ་མཐུན།
      7. ངེས་འབྱེད་ཆ་མཐུན།
      8. སློབ་པ་ཕྱིར་མི་ལྡོག་པའི་དགེ་འདུན།
      9. སྲིད་ཞི་མཉམ་ཉིད་ཀྱི་སྦྱོར་བ།
      10. ཞིང་དག་སྦྱོར་བ།
      11. ཐབས་མཁས་སྦྱོར་བའོ།

      ༥། རྩེ་སྦྱོར་མཚོན་བྱེད་ཀྱི་ཆོས་བརྒྱད།
      1. དྲོད་རྩེ་སྦྱོར།
      2. རྩེ་མོའི་རྩེ་སྦྱོར།
      3. བཟོད་པའི་རྩེ་སྦྱོར།
      4. ཆོས་མཆོག་རྩེ་སྦྱོར།
      5. མཐོང་ལམ་རྩེ་སྦྱོར།
      6. སྒོམ་ལམ་རྩེ་སྦྱོར།
      7. བར་ཆད་མེད་པའི་རྩེ་སྦྱོར།
      8. འདིར་བསྟན་བསལ་བྱ་ལོག་སྒྲུབ་བོ།

      ༦། མཐར་གྱི་སྦྱོར་བ་མཚོན་བྱེད་ཀྱི་ཆོས་བཅུ་གསུམ།
      1. སྦྱིན་པའི་ཕར་ཕྱིན།
      2. ཚུལ་ཁྲིམས་ཀྱི་ཕར་ཕྱིན།
      3. བཟོད་པའི་ཕར་ཕྱིན།
      4. བརྩོན་འགྲུས་ཀྱི་ཕར་ཕྱིན།
      5. བསམ་གཏན་གྱི་ཕར་ཕྱིན།
      6. ཤེས་རབ་ཀྱི་ཕར་ཕྱིན།
      7. སངས་རྒྱས་རྗེས་སུ་དྲན་པ།
      8. ཆོས་རྗེས་སུ་དྲན་པ།
      9. དགེ་འདུན་རྗེས་སུ་དྲན་པ།
      10. ཚུལ་ཁྲིམས་རྗེས་སུ་དྲན་པ།
      11. གཏོང་བ་རྗེས་སུ་དྲན་པ།
      12. ལྷ་རྗེས་སུ་དྲན་པ།
      13. དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་སྦྱོར་བའོ།

      ༧། སྐད་ཅིག་མའི་སྦྱོར་མཚོན་བྱེད་ཀྱི་ཆོས་བཞི།
      1. རྣམ་པར་སྨིན་པ་མ་ཡིན་པའི་སྐད་ཅིག་མའི་སྦྱོར་བ།
      2. རྣམ་པར་སྨིན་པའི་སྐད་ཅིག་མའི་སྦྱོར་བ།
      3. མཚན་ཉིད་མེད་པའི་སྐད་ཅིག་མའི་སྦྱོར་བ།
      4. གཉིས་སུ་མེད་པའི་སྐད་ཅིག་མའི་སྦྱོར་བའོ།

      ༨། འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི།
      1. ངོ་བོ་ཉིད་སྐུ།
      2. ཡེ་ཤེས་ཆོས་སྐུ།
      3. ལོངས་སྐུ།
      4. སྤྲུལ་སྐུ་བཅས་སོ།

      Saturday, 16 August 2014

      ལམ་གྱི་གཙོ་བོ་རྣམ་གསུམ་ནས་ངེས་འབྱུང་སྒོམ་ཚུལ།

      ལམ་གྱི་གཙོ་བོ་རྣམ་པ་གསུམ་ནི། ངེས་འབྱུང་། བྱང་ཆུབ་སེམས། ཡང་དཔ་པའི་ལྟ་བའི་ནང་ནས་དེ་རིང་ངེས་འབྱུང་སྒོམ་ཚུལ་བསྟན།